མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བདུན་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་3པའི་ཚེས་10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པར་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཆེད་དོན་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་དང་། གྲོང་ཁྱེར། ཁུལ་ཁག་གཅིག་གི་བཅོས་སྒྱུར་ལས་དོན་གནས་ཚུལ་གྱི་སྙན་ཞུར་གསན་ཏེ། ད་ལོའི་བཅོས་སྒྱུར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ནས་འབྲེལ་ཡོད་བཅོས་སྒྱུར་ཡིག་ཆར་གྲོས་ཞིབ་མཛད་པ་རེད།

ཧྲིན་ཀྲང་ངམ་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིག་ཉིང་དང་། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་། ཐེང་ཅ་ཚའེ། ཀྲང་ཞི་མིང་། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚུང་ལེ། མ་ཅི་ཞའོ་བཅས་དང་། ཧྲིན་ཀྲང་གཞོན་པ་ཝང་ལི་མིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བཅོས་སྒྱུར་རྩེ་རིམ་ཇུས་འགོད་ཚད་བསྡུར་རེའུ་མིག་དང་མཐུན་པར་བྱེད་པ། བསམ་པ་དང་སྦྱོར་བ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བར་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཁག་གི་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་མ་ཟད། ལྷག་པར་དུ་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཐོག་ནས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་གསར་གཏོད་དང་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། སྤྱི་བའི་འཕྲོད་བསྟེན་འཕྲལ་བསྟུན་དོ་དམ་མ་ལག་བཙུགས་ཏེ་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བཅོས་སྒྱུར་ཀྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་བཅོས་སྒྱུར་བྱེད་པར་བསམ་བློ་དང་སྤོབས་པ། ལས་ཀ ནུས་པ་བཅས་གྲ་སྒྲིག་ཡག་པོ་བྱེད་པ། འཕེལ་རྒྱས་སྐུལ་འདེད་བཏང་ནས་གང་དུ་སླེབས་ཚེ་བཅོས་སྒྱུར་ཀྱང་དེ་རུ་རྗེས་སྙེག་ཐུབ་དགོས། ཕྱོགས་གཅིག་ནས་བཅོས་སྒྱུར་གསར་གཏོད་དམ་འཛིན་དང་། ཕྱོགས་གཅིག་ནས་ལམ་ལུགས་འཐུས་ཚང་གཏོང་བར་དམ་འཛིན་བྱས་ཏེ། ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་དུ། འགྱུར་ལྡོག་ཆེན་པོའི་བསམ་བློ་འཆང་བ་དང་། ལོ་བརྒྱར་ཐེངས་གཅིག་འཕྲད་པའི་དོན་དག་དེ་དངོས་ཡོད་ཀྱི་དོན་དག་ཏུ་བརྩིས་ནས་བསྒྲུབ་དགོས་ཤིང་། བཅོས་སྒྱུར་གསར་གཏོད་ཀྱི་བརྒྱུད་རིམ་དེ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་བརྒྱུད་རིམ་དུ་བསྒྱུར་ནས། བཅོས་སྒྱུར་བརྟན་པོའི་ངང་ཡུན་རིང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། ད་ལྟ་སྒྲུབ་བཞིན་པའི་བྱ་བ་ལྟེ་བར་བཟུང་སྟེ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག གཙོ་གནད་འབུར་དོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས་བཅོས་སྒྱུར་ཇུས་འགོད་དང་། “དམིསག་བསལ་གཅིག་དང་མཐོ་བ་གཉིས”དང་། “དཔེ་སྟོན་ཞིང་ཆེན་ལྔ།” “དཔལ་འབྱོར་གྱི་རྣམ་པ་བཞི”བཅས་ལ་རྩེ་གཅིག་ཏུ་དམིགས་ནས་བཅོས་སྒྱུར་ཟབ་གཏོང་བྱས་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་འདིང་དགོས། དཔེ་མཚོན་གྱིས་ལམ་སྣེ་ཁྲིད་དེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བརྟག་ཐབས་སྨྲ་བ་ཡག་པོ་སྤྱད་དེ། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ལག་ལེན་ལ་ཧུར་བརྩོན་དང་བློ་སྟོབས་ཆེན་པོས་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་བྱས་ནས། ཉམས་མྱོང་ཡག་པོ་དང་དཔེ་མཚོན་བཟང་པོ་དུས་ཐོག་ཏུ་ཤེས་རྟོགས་དང་ཕྱོགས་སྡོམ་ཁྱབ་གདལ་བཏང་སྟེ། ཚུགས་ཐུབ་པ་དང་། གྲགས་ཆེ་བ། ཁས་ལེན་པ་བཅས་ཀྱི་མཚོ་སྔོན་གྱི་བཅོས་སྒྱུར་སྤུས་རྟགས་གཏོད་དགོས།

ཚོགས་འདུའི་ཐོག《ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི2019ལོའི་ལས་དོན་ཕྱོགས་སྡོམ་སྙན་ཞུ》དང་། 《ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི2020ལོའི་ལས་དོན་གཙོ་གནད།》 《སློབ་གསོ་སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་འོས་འགན་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི།》 《མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན2035།》 《མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི།(2020ལོ་ནས་2022ལོ་བར)》 《དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར།》 《མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》 《རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་གྱི་བདག་དབང་ལམ་ལུགས་བཅོས་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི།》 《མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་སྒྱུར་ལག་བསྟར་ཇུས་གཞི།》 《རེབ་གོང་རྫོང་རོང་བོ་གྲོང་རྡལ་སྲིད་འཛིན་དོ་དམ་སྒྲིག་གཞི་བཅོས་སྒྱུར་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།