ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་གཉིས་པ་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་གྱི་འགོ་ཁྲིད་གདན་ཞུ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འགན་འཁུར་བ་དང་ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁུར་བས“མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་ཟློག་རིམ་གསུམ་པ་དེ་ཟློག་རིམ་བཞི་པར་བསྒྱུར་བ་དང་དེ་བཞིན་ཕྱི་རྒྱལ་ནས་མཚོ་སྔོན་དུ་ཡོང་བའི་མི་སྣའི་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ”གྱི་གནས་ཚུལ་ལ་དམིགས་ནས། སྤྱི་དམངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་འབྲེལ་ཡོད་དོ་ཁུར་ལ་ལན་བཏབ་པར་མ་ཟད། སྨྱན་བྱད་གསར་འགོད་པའི་དྲི་བར་ལན་བཏབ།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་ཝང་ཀྲི་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
སྒྲོག་སྤེལ་ཚོགས་འདུའི་སྟེང་དུ་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་ཟློག་རིམ་གསུམ་པ་དེ་ཟློག་རིམ་བཞི་པར་བསྒྱུར་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་གི་སྒྲིག་སྲོལ་གོ་རིམ་མགྱོགས་མྱུར་ངང་འཛུགས་ཚུལ་ཁྱབ་བསྒྲགས་བྱས།
ཁོང་ཡུང་གིས་བཤད་རྒྱུར། ཟློག་རིམ་བསྒྱུར་བ་དེས་རིམས་ནད་སྔོན་འགོག་ཚོད་འཛིན་ལྷོད་གཡེང་དུ་སོང་བ་མི་མཚོན། མ་འོངས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གསར་ཤོས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་གི་སྒྲིག་སྲོལ་གོ་རིམ་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་ཡག་པོ་བྱེད་པ་དང་། ཁེ་ལས་དང་ལས་འགོ་རྩོམ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གཞི་རྩའི་དམངས་འཚོར་འགན་ལེན་ཏན་ཏིག་བྱེད་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ། དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མཚོ་སྔོན་གྱིས་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་གཉིས་པ་བསྡུས།