ཝང་ཡུས་ཡན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཡུས་ཡན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་སོང་ནས་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས།

ཝང་ཡུས་ཡན་སློབ་གྲྭའི་ཟ་ཁང་དང་ཉལ་ཁང་གི་འགན་སྲུང་དང་མཚོ་སྔོན་ཏང་གི་ལོ་རྒྱུས་ཁང་གི་འཛུགས་སྐྲུན། རྨང་གཞིའི་འཛུགས་སྐྲུན་ལས་གཞི་སླར་གསོ་ཡུལ་དངོས་དང་དགེ་རྒན་རྣམས་ལས་རྐང་སྟེང་ཕྱིར་ལོག་པའི་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་པ་དང་། སློབ་གྲྭའི་སློབ་འགོ་ཚུགས་པའི་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། སློབ་གྲྭ་བདེ་འཇགས་ངང་སློབ་འགོ་ཚུགས་པར་ཁག་ཐེག་བྱེད་རྒྱུ་ནི་རྒྱུན་ལྡན་གྱི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་མཚོན་རྟགས་གལ་ཆེན་ཡིན་པས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་བྱ་བ་བཟང་བོར་བསྒྲུབ་དགོས། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་སྲུང་བ་དང་ཉེན་ཁར་ཞིབ་བཤེར་བྱས་ནས། འགན་འཁྲི་ཕྲག་ཏུ་ལེན་པ་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བ། ཚད་གཞི་ཇེ་དམའ་རུ་མི་གཏོང་བར་ཁག་ཐེག་བྱེད་པ་དང་། རེ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས་ཟེར། དེའི་རྗེས། ཝང་ཡུས་ཡན་གྱིས་ཏང་གི་སློབ་གྲྭའི་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཁོ་མོས་ནན་གྱིས་བསྟན་དོན། སློབ་སྐབས་གསར་བའི་ཏང་གི་སློབ་གྲྭའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སློབ་གཙོའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཏང་གི་སློབ་གྲྭའི་བྱ་བའི་སྲོལ་ཡིག་ལག་བསྟར་ནན་མོ་བྱེད་པ། སློབ་སྒྲུབ་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་བྱེད་ཐབས་སུ་བྱས་ཏེ། ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་གསར་གཏོད་བྱེད་པ་དང་། ཤེས་ལྡན་མི་སྣའི་བྱ་བའི་གསར་གཏོད་ཚོད་ལྟ་གོ་སྐབས་སུ་བྱས་ནས། མྱུར་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་བྱེད་པ་དང་། བྱང་ཚད་མཐོ་བའི་སློབ་དཔྱོད་བློ་འདྲི་གཞི་གཅིག་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། དོ་དམ་ཞབས་ཞུ་ལ་ཤུགས་སྣོན་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་བཏང་སྟེ། སློབ་སྦྱོང་གི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།