ཀྲང་ཞི་མེན་གྱིས་སློབ་གསོའི་སྡེ་ཁག་ཏུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་གསུམ་ནས་བཞི་ཉིན་བར་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་གསོའི་སྡེ་ཁག་ཏུ་རིམས་ནད་སྔོན་འགོག་དང་སློབ་འགོ་རྩོམ་པའི་གྲ་སྒྲིག་སོགས་ཀྱི་བྱ་བའི་ཐད་ནས་རྟོག་ཞིབ་བྱས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་བཅོས་ཀྱི་འགན་འཁྲི་དངོས་འབེབ་བྱ་དགོས། གཟབ་ནན་དང་ཞིབ་ཚགས་སྒོས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཐོ་བཅོ་ལྔ་བའི་རེ་བ་རེ་རེ་བཞིན་དངོས་འབེབ་ནན་ཏན་བྱས་ཏེ་སློབ་སྐབས་གསར་བའི་ནང་དུ་དགེ་སློབ་གཉིས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས་ཟེར།

 ཟི་ལིང་གྲོང་ཁྱེར་ཧུའུ་ཐེ་སློབ་འབྲིང་དང་མཚོ་བྱང་ཁུལ་མཐོ་འབྲིང་དང་པོ་རུ་ཀྲང་ཞི་མེན་གྱིས་སློབ་གྲྭའི་འགན་ཁུར་མི་སྣ་དང་དགེ་རྒན། སློབ་གྲྭའི་སྨན་པ་སོགས་ལ་སློབ་གྲྭའི་རིམས་འགོག་བྱེད་ཐབས་དང་སློབ་མགོ་རྩོམ་པའི་ཆ་རྐྱེན་གྱི་ཁག་ཐེག དོན་དག་མ་བྱུང་སྔོན་གྱི་གྲ་སྒྲིག་གི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས།

ཀྲང་ཞི་མེན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་རེ་བ་ལྟར་རྒྱ་ཆེའི་དགེ་སློབ་ཀྱི་ཚེ་སྲོག་བདེ་འཇགས་འགན་འཁྲི་དང་པོར་བཞག་སྟེ་ས་ཁུལ་གཅིག་ལ་སྲིད་ཇུས་གཅིག་དང་སློབ་གྲྭ་གཅིག་ལ་བྱེད་ཐབས་གཅིག་བཏོན་ཏེ་རིམས་ནད་སྔོན་འགོག་གི་བྱ་བ་དག་ལ་གྲ་སྒྲིག་གང་ལེགས་བྱས་ཏེ་སློབ་འགོ་རྩོམ་དུས་ནོར་འཁྲུལ་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།