ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དོ་དམ་དང་ཁྲིམས་ལུགས་ལག་ཏུ་བསྟར་བར་ཤུགས་བསྣན་ནས། བཅོས་སྐྱོང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ཏེ། ཆུའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས། ལྗང་མདོག་ཆུ་བོ་སྲུང་སྐྱོབ་བྱེད་པའི་དམག་འཐབ་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྤུས་ཀ་མུ་མཐུད་དུ་ལེགས་བཅོས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
མཚོ་ནུབ་ཀྱིས་ཆུའི་སྦགས་བཙོག་འགོག་སྲུང་བྱ་བ་དང་མུ་མཐུད་དུ་ཆུའི་ཁོར་ཡུག་གི་སྤུས་ཀ་ལེགས་བཅོས་བྱ་རྒྱུ་དེ་གལ་འགངས་ཆེ་བའི་དམངས་འཚོའི་བཟོ་འགོད་དུ་བཞག་ནས་དམ་འཛིན་ནན་སྒྲུབ་བྱས། 《མཚོ་ནུབ་ཁུལ་གྱི་ལོ་འཁོར་མོའི་ཆུའི་སྦགས་བཙོག་འགོག་བཅོས་བྱ་བའི་ཇུས་གཞི》གཏན་འཁེལ་བྱས་ཏེ་བཀྲམ་པ་དང་། ས་ཁུལ་སོ་སོ་དང་། འགན་ནུས་སྡེ་ཁག་སོ་སོའི་འགན་ཁུར་དངོས་འབེབས་གསལ་པོ་བྱས་པར་མ་ཟད། ས་ཁུལ་སོ་སོའི་ཆུའི་སྦགས་བཙོག་འགོག་བཅོས་བྱེད་པའི་བྱ་བ་གལ་ཆེན་ལག་བསྟར་བྱས་པའི་གནས་ཚུལ་ཟླ་རེར་བཀོད་གཏོང་བྱས། ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བླང་བྱ་ལྟར། ཀྲུང་དབྱང་དང་། ཞིང་ཆེན་ཁོར་སྲུང་ལྟ་ཞིབ་ལན་སློག་གནད་དོན་ལ་དག་ཐེར་བཅོས་སྐྱོང་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། “ཏང་སྲིད་འགན་ཁུར་འདྲ་མཉམ་དང་། ལས་རྐང་གཅིག་ལ་འགན་ཁུར་གཉིས”དོན་འཁྱོལ་བྱས་ཏེ། ནན་ཏན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་བྱེད་ཐབས་ལག་ཏུ་བསྟར་བ་དང་།ཁོར་སྲུང་སྔོན་དཔྱད་བཟང་བསྟོད“འདེམས་ཤོག་གཅིག་གིས་ཁས་མི་ལེན་པ”དོན་འཁྱོལ་བྱས།ཞིབ་བཤེར་ཆོག་མཆན་འགག་སྒོ་དམ་སྲུང་བྱས་ནས། ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང“དུས་མཚུངས་གསུམ”གྱི་ལམ་ལུགས་ལག་ཏུ་བསྟར་ནས། མགོ་ཁུངས་ནས་སྦགས་བཙོག་གསར་པ་འབྱུང་ཡུལ་ཚོད་འཛིན་བྱས་ཏེ། ཧུར་ཐག་སྒོས་བཙོག་གཏོང་ཁེ་ལས་ཀྱི་སྦགས་བཙོག་འབྱུང་ཡུལ“ལྟ་ཞིབ་ཚོད་འཛིན་མ་ལག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་དུ། ཁུལ་ཡོངས་ནས་ཁྱོན་བསྡོམས་པས་ཁེ་ལས60ལྷག་གིས་བརྙན་ཟློས་ལྟ་ཞིབ་ཚོད་འཛིན་སྒྲིག་ཆས་ནང་འཇུག་བྱས་ཡོད་པ་དང་། བཙོག་ཆུ་ཕུད་ས39ཡིས་རང་འགུལ་དྲ་ཐོག་ལྟ་ཞིབ་ཚོད་འཛིན་སྒྲིག་ཆས་ནང་འཇུག་བྱས་ཡོད་ལ། སྦགས་བཙོག་དངོས་པོ་ཕྱིར་གཏོང་དྲ་ལམ་ལྟ་ཞིབ་ཚད་ལེན་དང་། བརྙན་ཟློས་ལྟ་ཞིབ་ཚོད་འཛིན་དང་སྦགས་བཙོག་འབྱུང་ཡུལ་དོ་དམ་གཞི་གཅིག་ཅན་གྱི་སྒྲིག་ཆས་ནང་འཇུག་དྲ་བ་མངོན་འགྱུར་བྱུང་ཞིང་། ཁེ་ལས་ཀྱི་སྦགས་བཙོག་ཕྱིར་གཏོང་བྱ་སྤྱོད་ཚད་ལྡན་ཅན་དུ་བཏང་།
མུ་མཐུད་དུ་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་བཟོ་ལས་ཀྱི་བཙོག་ཆུ་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། ཕན་ནུས་ལྡན་པའི་སྒོ་ནས་གྲོང་རྡལ་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་ལེགས་བསྒྱུར་བྱས། ཁུལ་ཡོངས་ཀྱི་ས་ཁུལ་བདུན་དང་བཙོག་ཆུ་ཐག་གཅོད་བཟོ་གྲྭ8སྔ་གཞུག་ཏུ་བཙུགས་ཤིང་བཀོལ་སྤྱོད་བྱས། བཟོ་ལས་གླིང་ཁུལ་བཙོག་ཆུ་ཐག་གཅོད་བཟོ་གྲྭ5འཁོར་སྐྱོད་བྱེད་མགོ་ཚུགས་པར་མ་ཟད་དྲ་བར་སྦྲེལ། 2019ལོར་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ལུད་རྫས་དང་། ཞིང་སྨན་ཇེ་ཉུང་དུ་གཏོང་བའི་ནུས་འཕར་འགུལ་སྐྱོད་ཚོད་ལྟའི་ལས་གཞི་མགོ་བརྩམས་པ་དང་། མ་དངུལ་སྒོར་དུང་ཕྱུར1.93བཏང་ཞིང་། རྒྱ་ཁྱོན་སྤྱི་ཆིང་ཁྲི1.87ལ་སླེབས་ཤིང་། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ལས་ཀྱི་ས་ངོས་སྦགས་བཙོག་ལེགས་བསྒྱུར་བྱས།
ཁྱོན་ཡོངས་ནས་མདོ་ལ་རི་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ཚོད་ལྟའི་ལས་གཞི་ལ་སྐུལ་འདེད་བཏང་ཞིང་། ལས་གཞི་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.1བཏང་བ་དང་། མིག་སྔའི་བར་དུ་ལས་གཞི14ཡོངས་སུ་གྲུབ་ཡོད། ཁྱོན་ཡོངས་ནས་ཁུལ་དང་། གྲོང་ཁྱེར་རིམ་པ་གཉིས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་བརྡ་འཕྲིན་སྟེགས་བུ་དང་།ཁུལ་དང་གྲོང་ཁྱེར།རྫོང་། སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས།ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞི་ཡི་ཆུ་དང་མཚེའུ་དཔོན་ལམ་ལུགས་བྱ་བའི་མ་ལག་བཙུགས་པ་དང་། ཆུ་དཔོན་དང་མཚེའུ་དཔོན495དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། ཧུར་ཐག་སྒོས་དམངས་ཁྲོད་ཆུ་དཔོན་དང་མཚེའུ་དཔོན་བདམས་པ་དང་། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་ལས་སོ་སོ་གསར་གཏོད་བྱས། མིག་སྔའི་བར་དུ། ལྟ་སྐུལ་སྣེ་ཁྲིད་ཞིབ་བཤེར་དང་རིམ་པ་སོ་སོའི་ཆུ་དཔོན་དང་མཚེའུ་དཔོན་གྱིས་ཆུ་དང་མཚེའུ་ལ་སྐོར་ཞིབ་བྱེད་ཐེངས་བསྡོམས་རྩིས་བྱས་ན4322ལ་སླེབས་ཡོད་པ་དང་། ཁུལ་ཡོངས་སུ་ཁྱོན་བསྡོམས་ཆུ་དང་མཚེའུ་ཡི“ཉོག་པ་བཞི་གཙང་སེལ”དང་གད་སྙིགས་ཆུ་རགས་གནད་དོན53རྩད་ཆོད་དེ། ད་ལྟ་ཡོངས་རྫོགས་དག་ཐེར་ཡོ་བསྲང་བྱས་ནས་རྩིས་ཐོ་མེད་པར་བཏང་ཟིན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་ནུབ་ཀྱིས་ནུས་ཤུགས་ཡོད་རྒུས་མགོ་ཁུངས་ནས་སྦགས་བཙོག་བཅོས་སྐྱོང་བྱས་ཏེ“གཙང་ཆབ་ཤར་དུ་བཞུར་བ”ལ་ཁག་ཐེག་བྱས་པ།