རིམས་ནད་འཇགས་ཉེ། ལས་འགོ་བསླངས་སོང་། ཡིག་ཆ་དང་པོ་སྒྲོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རམས་ཚེ་བྷོ། ཚེ་མཁར་རྒྱལ།) 2020ལོའི་ཟླ3པའི་ཚེས2ཉིན་ནས་བཟུང་། མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཤང་ཏང་ཨུད་དང་ཤང་མི་དམངས་སྲིད་གཞུང་གིས་རིམས་ནད་འགོག་སྲུང་གི་བྱ་བ་གཙིགས་ཆེན་བྱེད་པའི་ཁར་འབྲོག་ལས་ཐོན་སྐྱེད་ཀྱི་ལས་སྒོ་ཀུན་ནས་བསླངས་ཏེ་གནད་ཁེལ་དབུལ་སྐྱོར་དང་དབུལ་སྒྲོལ་ཕུགས་བརྟན་བྱ་བའི་མུར་བསྐྱངས་བཞིན། ཏང་ཀྲུང་དབྱང་དང་ཞིང་ཏང་ཨུད་ཀྱི་ཡིག་ཆ་ཨང་པོའི་དགོངས་དོན་སྒོ་ཀུན་ནས་དྲིལ་སྒྲོག་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་རིམས་ནད་འགོག་སྲུང་གི་འདུ་ཤེས་མཐོར་འདེགས་དང་འབྲོག་ལས་ཐོན་སྐྱེད་ཀྱི་ལས་སྒོ་སླར་གསོ། ས་གནས་དཔལ་འབྱོར་ཀྱི་འཕེལ་ཁ་ཇེ་ཡངས་། དབུལ་སྒྲོལ་ཕུགས་བརྟན་གྱི་ལས་གཞི་དམ་འཛིན། ལས་མི་ཟབ་སྦྱོང་དང་ལས་རྐང་སྦྱོང་བརྡར། ཁོར་ཡུག་བཅོས་སྐྱོང་གི་བྱེད་སྒོ་རྒྱ་ཆེར་སྤེལ་རྒྱུ་དང་ཡིག་ཆ་སྒྲོག་འགྲེལ་དང་ཡིག་ཆ་སློབ་སྦྱོང་གི་ལས་ལ་གཞོལ་བར་བྲེལ།

微信图片_20200305141238.jpg

ཤང་ཏང་ཨུད་ཧྲུའུ་ཅི་རིན་ཆེན་རྒྱ་ཚོས་བཤད་རྒྱུར། ང་ཚོས་ཡིག་ཆ་སྒྲོག་འགྲེལ་གྱི་བྱེད་སྒོའི་ཁྲོད་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་བྱེད་སྒོ་དང་གནད་ཁེལ་དབུལ་སྐྱོར་ལས་དོན་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྤྱིའི་ཆ་ནས་བསམ་གཞིག་གཏོང་བ།   དུས་མཉམ་དུ་སྐུལ་འདེད་བཏང་ནས“མི་གཞི་རིམ་དུ་སྐྱོད་པ་དང་། ཤུགས་གཞི་རིམ་དུ་འདོན་པ། དོན་དག་གཞི་རིམ་ལ་བསྒྲུབ་པ”བཅས་བྱས་ནས་དྲྭ་བདག་དུད་ཁྱིམ་དུ་་སྐྱོད་པའི་ལས་དོན་ལ་འབད་བཞིན་འབེན་སར་མདའ་འཕེན་པ་དང་། རྣགས་སར་འབུགས་གཙགས། ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཟེར།

微信图片_20200305141321.jpg

གཞན་ད་དུང་རང་ཡུལ་ཚོས་འཕྲུལ་རྟ་དང་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གི་མཐུན་སྦྱོར་འགོ་ཁྲིད་བཙུགས་ནས་དྲྭ་རྒྱའི་ལས་དོན་མི་སྣ40ཡིས་ཡུལ་ཚོའི་རུ་ཆུང་བདུན་དང་འབྲེལ་བ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་།  “ངར་ཤུགས་སྒྲིམ་པ་དང་གཡུལ་འགྱེད་ལས་བརྩོན་གྱིས་དབུལ་སྒྲོལ་བརྟན་པོ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་"་དྲིལ་བསྒྲགས་དེབ་ཆུང་རེ་པར་དུ་བཏབས་པ་དང་། ཡིག་ཆ་སྒྲོག་འགྲེལ་བརྒྱུད་དེ་མི་དམངས་ལ་ཞབས་འདེགས་རེ་ཞུ་རྒྱུ་དང་། ཡིག་ཆའི་དགོངས་དོན་ལྟར་མང་ཚོགས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ།  བྱ་བ་ལག་ལེན་དང་ལས་དོན་དོན་འཁྱོལ། བྱེད་ཐབས་ཡག་སྤྱོད་བྱེད་དགོས་། ཡིག་ཆ་སྒྲོག་འགྲེལ་ལ་དོ་སྣང་བྱས་ཏེ། འབྲོག་ལས་སྟོབས་ཆེར་གཏོང་བ་དང་འབྲོག་ལས་ཕྱུག་པོར་འགྱུར་བའི་སྲིད་ཇུས་"་སེམས་ལ་བཅངས"དགོས་། གྲོང་ཚོར་འདུས་སྡོད་བྱེད་པའི་མང་ཚོགས་ཀྱི་ཁྲོད་དུ་ཕྱིན་དེ་སྒྲོག་འགྲེལ་ཚོགས་ཆུང་བསྡུས་པ་དང་ཁྱབ་ཁོངས་ཆུང་ངུའི་ནང་རང་ངོས་ནས་ཐེངས་འདིའི་རིམས་ནད་ལ་དོགས་ཟོན་ཡག་པོ་བྱེད་རྒྱུ་དང་། ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ། སྒྲོག་འགྲེལ་ཚན་ཆུང་དུད་ཚང་རེ་རེར་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་གྲོང་ཚོ་རིམ་པའི"དུང་ཆེན"སྒྲོག་འགྲེལ་དང་སྐད་འཕྲིན་ལས་དོན་ཚོགས་པ་སྤྱད་དེ་སྦྱར་ཡིག་སྦྱར་བ། འཕྲེད་ཡིག་སྦྱར་ཡིག་འགེལ་བའི་རྣམ་པ་སྤྱད་དེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་ཕྱུགས་ལས་ལ་བརྟེན་ནས་ཕྱུགས་ལས་དར་རྒྱས་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་གཏིང་ཟབ་ཏུ་སྤེལ་ནས་གྲོང་གསེབ་ཀྱི་ཏང་ཡོན། ལས་བྱེད་པ། འབྲོག་པ་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་བསྒྱུར་བཅོས་སྲིད་ཇུས་ཁག་ལ་གོ་བ་གཏིང་ཟབ་ཏུ་ལེན་དགོས་ཟེར།

微信图片_20200305141316.jpg

ཤང་ཀྲང་ངག་དབང་གིས་བཤད་རྒྱུར། ད་ནི་རིམས་ནད་འཇགས་ལ་ཉེ་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྒྱག་རེན་དུ་སླེབས་པས། ཁྱི་འབྲི་ཡུལ་ཚོས་སྡེ་བ་སོ་སོའི་ཏང་ཀྲི་པུའུ་དང་ཚོ་དཔོན་རྩ་འཛུགས་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུད་ཀྱི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་དང་སློབ་སྦྱོང་བྱས་ཏེ་ས་གནས་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་དང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས། གནད་ཁེལ་དབུལ་སྐྱོར་རྒྱུན་འཁྱོངས། སྔར་བས་ནན་ཏན་གྱི་བྱེད་ཐབས་དང་སྔར་བས་ཞིབ་ཕྲའི་བྱ་བར་བརྟེན་ནས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་ཡོངས་ཁྱབ་ཏུ་མངོན་འགྱུར་བྱས་པའི་རྨང་གཞིའི་སྟེང་། འགན་སྲུང་གསུམ་་དང་འཐུང་ཆུའི་བདེ་འཇགས། དངོས་ཡོད་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་འཕྲོ་མའི་དབུལ་ཕོངས་མི་འབོར་དུས་བཅད་ལྟར་དབུལ་ཐར་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་བར་ཤུགས་སྣོན་བྱས་ཏེ་ཁྲིམས་འཐུན་མ་ཡིན་པའི་བྱ་སྤྱོད་ལ་རྒྱལ་ཡོངས་གྱིས་ནག་སེལ་ངན་འཇོམས་གྱི་རྡུང་རྡེག་ནན་མོ་བྱེད་རྒྱུ་ཡིན་པ་སོགས། ལྗང་མདོག་གི་ཁོར་ཡུག་ཅིག་གཟུགས་རྒྱུ་ནི་ང་ཚོའི་གཞིས་ཁྱིམ་ཡིན་ལ་རང་ཉིད་གྱིས་མིག་འབྲས་བཞིན་སྲུང་སྐྱོབ་བྱས་པ་ཡིན། 

微信图片_20200305141207.jpg

ཁྱི་འབྲི་མང་ཚོགས་ཀྱི་ཚོ་ཚིས་ལ་འདང་བརྒྱབ་ཚེ། བཏུང་ཆུའི་གནད་དོན་ནི་གཙོ་ཤོས་ཤིག་ཡིན་དེ། སྡེ་བའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་བཟོ་བཀོད་ལས་འགན་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་དགོས་ན། འཐུང་ཆུའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང་བཀོད་སྒྲིག་བྱས་ཏེ། བལྟོས་བཅས་ཀྱིས་མི་གྲངས་གཅིག་འདུས་ཡིན་པའི་ས་ཁུལ་ནས་གཞི་ཁྱོན་ཅན་གྱི་ཆུ་སྒོ་མཁོ་འདོན་དང་། བཟོ་འགོད། འཛུགས་སྐྲུན་བཅས་བྱེད་དགོས།

微信图片_20200305141259.jpg

སློབ་གསོ་ནི་འཕེལ་རྒྱས་ཀུན་གྱི་རྩ་བ་ཡིན་ཟེར་བ་བཞིན། སློབ་འགོ་མ་བརྩམས་རུང་སློབ་མའི་སློབ་སྦྱོང་དང་སློབ་ཁྲིད་ཆག་མི་རུང་སྟེ། དྲ་ལམ་སློབ་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། མ་འོངས་ཁྱི་འབྲི་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་ན། ཤང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་པར་ཤུགས་སྣོན་དང་སློབ་སྒྲུབ་ཆ་རྐྱེན་ཇེ་བཟང་། སློབ་ཁྲིད་རྒྱུ་སྤུས་ཇེ་ལེགས། དགེ་རྒན་གྱི་དཔུང་སྡེ་ཇེ་ཆེར་གཏོང་བར་ཤུགས་སྣོན་བྱེད་དགོས།

微信图片_20200305141250.jpg

གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལ་ཤུགས་སྣོན་བྱས་ཏེ་ཤང་རིམ་པའི་འཕྲོད་བསྟེན་ལེགས་གཉེར། ཚད་ལྡན་ཅན་གྱི་ཞིང་གྲོང་འཕྲོད་བསྟེན་ཁང་འཛུགས་པར་སྐུལ་འདེད། སྡེ་བའི་འཕྲོད་བསྟེན་ཁང་རིམ་འཕར་བསྒྱུར་བཀོད་བྱེད་པ། སྨན་བཅོས་ཞབས་ཞུའི་སྟོང་ཆ་སྐོང་བ། །  ཞིང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། དངོས་གཞིའི་ཚན་ཁག་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་གསོ་རིག་སློབ་ཐོན་སློབ་མ་བསྡུ་ལེན་བྱེད་པའམ་ཡང་ན་སྨན་ཁང་དུ་སྡོད་པའི་སྨན་པར་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱེད་དགོས།

微信图片_20200305141307.jpg

ཞིང་སྡེའི་རིག་གནས་འཇོན་མི་སྐྱེད་སྲིང་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ། རང་སའི་རིག་རྩལ་ཚན་ཆུང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཞིང་སྡེའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པས་དགེ་ཕྲུག་བསྡུ་ལེན་དང་སྒྱུ་རྩལ་བརྒྱུད་སྤེལ་བྱེད་པར་རོགས་སྐྱོར་བྱེད་རྒྱུ། ཕུལ་བྱུང་གི་ཟློས་གར་དང་གཞས་མ་གཏམ། གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དམངས་ཁྲོད་རིག་གནས་བཅས་འཕེལ་རྒྱས་སུ་གཏོང་རྒྱུ། ལོ་རྒྱུས་རིག་གནས་ལྡན་པའི་སྡེ་བའི་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་བཞག་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། 

微信图片_20200305141254.jpg

ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་ནན་ཏན་གྱིས་ཀྱིས་སློབ་སྦྱོང་དང་དངོས་འབེབས་བྱེད་དགོས་ཚེ། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་སྡེ་བའི་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་སྡེ་བའི་བྱ་བ་ཡོངས་རྫོགས་མཐའ་འཁྱོལ་བར་བསྒྲུབ་པ་དང་གནད་འགག་ལ་འཐབ་འཛིང་བྱེད་ནུས་པའི་ཤུགས་རྨང་གཞི་ཡིན་ཟེར།

微信图片_20200305141238 拷贝.jpg

微信图片_20200305141201 拷贝.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།