རི་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་འགའ་ཞིབ་བཤེར་ཐག་གཅོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཞིང་གིས་ཉེ་དུས་བྱེད་ཐབས་རབ་དང་རིམ་པ་བསྟུད་མར་བཏོན་ནས་རི་སྐྱེས་སྲོག་ཆགས་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་འགའ་ཞིག་ཞིབ་བཤེར་ཐག་གཅོད་བྱས།

ཟླ1པོའི་ཚེས23ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་སྒྲུབ་ལྟ་སྐུལ་ཞིབ་བཤེར་དང་། དུས་བཀག་སྐོར་སྲུང་ལྟ་ཞིབ་ཚད་ལེན། ཆུ་ཚོད་24ཡི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བཅས་བྱས་ནས་གཙོ་གནད་ནགས་ཁུལ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་འགག་གནད་ལམ་ཐིག་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། དེ་མ་ཐག་ཏུ་ཁོངས་གཏོགས་ཁུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཚོང་འདུས་ཁྲོམ་ར། བཟའ་བཏུང་བཅས་སུ་ཤྭ་བ་དང་། ཤྭ་ཁྲ ཁྲུང་ཁྲུང་མགོ་ཁྲ་སོགས་གཙོ་བོར་བྱས་པའི་རི་སྐྱེས་སྲོག་ཆགས་འདུལ་གསོ་རྒྱུད་སྤེལ་ར་བ109དང་ཤྭ་བའི་ཐོན་རྫས་གཉེར་སྐྱོང་དང་བེད་སྤྱོད་གཙོ་བོར་བྱས་པའི་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་ཡུལ310ལ་ལྟ་སྐུལ་ཞིབ་བཤེར་དང་བཅོས་སྒྲིག་གི་ལས་དོན་སྤེལ་བ་རེད།

ཟླ1ཚེས27ཉིན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མོན་ཞ་ནགས་ཁུལ་མངགས་གཏོང་ཁང་གིས་ཁྲིམས་འགལ་ངང་རྔོན་བཟུང་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཁྲིམས་ལྟར་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་ལ་དངུལ་ཆད་སྒོར8400བཅད་པ་མ་ཟད། སྐེ་རྙི7དང་ཉེས་གསོག་ཡོ་བྱད་ཀྱི་དྲ་རྙི2གཞུང་བཞེས་བཏང་བ་དང་། ཟླ2ཚེས7ཉིན་གོར་མོ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་རི་སྐྱེས་འདབ་ཆགས་རིགས་ཀྱི་ཤི་རོ60རྩིས་ལེན་བྱས་པའི་ནང་ནགས་བྱིའུ59དང་བྱ་གཞན་གཅིག་ཡོད། ཉེས་དོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ཉེས་བསགས་དོགས་གནད་ཆེ་བའི་མི་སྣས་ཁྲིམས་འགལ་གྱིས་རི་དྭགས་རྔོན་པའི་བྱས་ཉེས་བསགས་ཡོད་པས། ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད། ཟླ2ཚེས19ཉིན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་བདེ་འཇགས་ཡན་ལག་རུ་ཁག་གིས་རྩ་ཆེའི་སྲོག་ཆགས་དང་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་བྱས་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན1བཟུང་བ་དང་། བ་སོ་དང་། བསེ་རུའི་རྭ། བསེ་བྱ་བཅས་ཀྱི་ཐོན་རྫས50ལྷག་ཙམ་དང་གླ་རྩི12བཅས་རྩད་ཆོད་ལ། གྱོད་འབྲེལ་རིན་ཐང་སྒོར་ཁྲི30ལྷག་ཙམ་ཟིན།

མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་རིམ་སོ་སོའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་མི་ཐེངས8292བཏང་ནས་འདུལ་གསོ་རྒྱུད་སྤེལ་བྱ་ཡུལ67ལ་ཞིབ་བཤེར་བྱས་པ་དང་། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཉོ་ཚོང་ཁྲོམ་ར25སྒོ་བརྒྱབ། བཟའ་བཏུང་ལས་རིགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་བྱས་ནས་གཅིག་གྱུར་བྱ་སྤྱོད་སྤེལ་ཏེ། བཟའ་བཏུང་བྱ་ཡུལ1005ལ་ཞིབ་བཤེར་བྱས། རི་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི12དང་སྲིད་འཛིན་གྱོད་གཞི7ཐག་གཅོད་བྱས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།