མཚོ་སྔོན་ཞིང་ཆེན་གྱིས་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ས་ཚིགས་དང་ལས་རྐང་ཐོག་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་མིག་དཔེ་ཁག་གཅིག་ལ་གཟེངས་བསྟོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་སླེབས་ལ་ཉེ་བའི་དུས་འདིར། དཔེ་བཟང་ལ་སློབ་སྦྱོང་དང་སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་ཡུན་རིང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འོས་སྦྱོར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་ཁྲིད་ཨུ་ལྷན་གཞུང་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་ན་གཞོན་བྱེད་སྒོ་ལྟེ་གནས་སོགས་སྡེ་ཁག14ལ“2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ས་ཚིགས”དང་གདུགས་དཀར་སྐྱིད་སོགས་བློ་མཐུན13ལ“2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་རྐང་ཐོག་ལའེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་མིག་དཔེ”ཞེས་མིང་བཏགས་ནས་གཟེངས་བསྟོད་བྱས།  

ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་མིང་བཏགས་པའི་སྡེ་ཁག་དང་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་ལའེ་ཧྥིན་གྱི་སྙིང་སྟོབས་རྒྱུན་འཛིན་ཟོལ་མེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་མཁན་གྱི་མིག་དཔེ་བྱ་རྒྱུར་རེ་བ་བྱེད་ཀྱིན་ཡོད་ལ། ས་གནས་སོ་སོ་དང་མ་ལག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི་”ཇེ་ཆེར་ཏན་ཏིག་གཏོང་བ། “གདེང་ཚོད་བཞི་”ཇེ་བརྟན་ཏུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཏེ། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་མིག་དཔེར་བཟུང་ནས་སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལའེ་ཧྥིན་གྱི་སྙིང་སྟོབས་དང་ཞབས་ཞུ། མཛའ་མཐུན་དང་རོགས་རེས། ཡར་རྒྱས་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཁྲོད་ཐོག་མའི་བསམ་འདུན་འགན་འཁྲི་ལག་ལེན་བསྟར་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ། ནད་ཡམས་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བཅས་བླངས་ནས་སྔར་བས་འབྱོར་ཕྱུག་དང་། ཤེས་དཔལ། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པར་ལེགས་སྐྱེས་གསར་ཞིང་ཆེ་བ་འབུལ་རྒྱུར་འབོད་སྐུལ་བྱས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།