བརྡ་སྦྱོར།

ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏོག་གསར་གློ་ཚད་སྔོན་འགོག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལས་དོན་གཅིག་གྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཕན་འབྲས་ཡོད་པའི་སྒོ་ནས་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ་དང་ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་པ་སོགས་འགོ་ཁྲིད་ལས་ཁུངས་དག་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བྱ་ཆེད། ཟླ2020ལོའི་ཟླ3པའི་ཚེས4ཉིན་ནས་བཟུང་། ཞིང་ཆེན་ཆེད་དོན་ལས་དོན་ལམ་ལུགས་གཞུང་དོན་ཁང་དུ་ཐེར་འདོན་ལྟ་སྐུལ་ཁ་པར་བཀོད་སྒྲིག་བྱས་ཡོད་ལ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་འབྲེལ་ཡོད་ནད་ཡམས་སྔོན་འགོག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལས་དོན་ཁྲོད་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐད་བཏོན་པའི་བསམ་འཆར་དང་ལེན་བྱ་རྒྱུ་ཡིན། 

གཅིག གོང་ཞུའི་ཐབས་ལམ། 

ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཐེར་འདོན་ཁ་པར། 0971-12388

ཞིང་ཆེན་ཆེད་དོན་ལས་དོན་ལམ་ལུགས་གཞུང་སྒྲུབ་ཁང་གི་ཁ་པར། 0971-8485334

གཉིས། དང་ལེན་བྱེད་པའི་དུས་ཚོད། 

ལས་ཚོགས་ཉིན་མོ། 8:30-12:00,14:30-18:00

 མཚོ་སྔོན་ཞིང་ཆེན་སྲིད་ཇུས་དོན་འཁྱོལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་བའི་ཆེད་དོན་ལས་དོན་ལམ་ལུགས་གཞུང་ལས་ཁང་།

2020ལོའི་ཟླ3པའི་3ཉིན། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།