ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་རང་རེའི་ཞིང་ཆེན་གྱི་ཆོས་ལུགས་མི་སྣ་ཏང་དང་སྲིད་གཞུང་གི་གཅིག་གྱུར་གྱི་སྣེ་ཁྲིད་འོག་ཏུ་ཏང་དང་གཅིག་སེམས་གཅིག་འདྲེས་བྱས་ཏེ་རིམས་ནད་སྔོན་འགོག་གི་བྱ་བའི་ཁྲོད་ཞུགས་པ་དང་རང་འགུལ་སྒོས་ཞལ་འདེབས་ཕུལ་བའི་མཛད་སྒོ་བསྡུས་ཤིང་སྒོར་བྱེ་བ་བཞི་ལྷག་བསྡུས་ཏེ་རྒྱལ་གཅེས་ཀྱི་བརྩེ་སེམས་མངོན་པར་བྱས་པ་དང་མི་རིགས་མཐུན་སྒྲིལ་དང་རིམས་འགོག་དམག་འཐབ་ལས་རྣམ་པར་རྒྱལ་ཐུབ་པར་ནུས་པ་གལ་ཆེན་བཏོན།
ཆོས་ལུགས་སྡེ་ཁག་སོ་སོས་ཐེངས་མང་པོར་བརྩེ་སེམས་དང་དྲོད་ཁོལ་སྦྱིན་པའི་གྲོས་འགོ་བཏོན་པ་དང་ཆོས་ལུགས་སྡེ་ཁག་གི་མི་སྣས་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་སྡེ་ཁག་ལ་རང་འགུལ་སྒོས་རིམས་འགོག་གི་བློ་འདྲི་དང་བྱ་བའི་རེ་བ། ཞལ་འདེབས་འབུལ་བ་སོགས་ཀྱི་ཐད་ནས་རེ་ཞུ་བྱས་པ་དང་མི་སྣ་ལ་ལ་རྒྱ་གྲམ་དམར་པོའི་སྨན་ཁང་དུ་སོང་སྟེ་སྨན་བཅོས་དངོས་རྫས་ཀྱིས་མི་འདང་བ་སོགས་ལ་དམིགས་ཏེ་དངོས་ཟོག་ཞལ་འདེབས་ཕུལ། སྐུ་འབུམ་དགོན་པ་དང་ཡུལ་ཤུལ་གྲོང་ཁྱེར་སྐྱེ་དགུ་དགོན་པ་སོགས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་སྡེ་ཁག་སོ་སོས་ཟླ་གཉིས་བའི་ཚེས་ཉེར་དྲུག་ཉིན་བར་དུ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་འབུམ་དྲུག་ཁྲི་བརྒྱད་ལྷག་གི་ཞལ་འདེབས་ཕུལ། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་རིགས་ཀྱིས་རིམས་ནད་འགོག་རྒོལ་ཐད་དངོས་ཟོག་དང་སྒོར་མོ་ཞལ་འདེབས་སུ་ཕུལ།