ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་གཉིས་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་ལས་ཁང་དང་ཞིང་ཆེན་འཕྲལ་སྒྲུབ་མཛུབ་སྟོན་ལྟེ་གནས་ལས་གཞི་འཛུགས་སྐྲུན་ས་ཁུལ་དུ་རྟོག་ཞིབ་བྱས།
ལིས་ཅ་ཞང་གིས་བསྟན་དོན། མི་དམངས་མཁའ་ཟོན་ནི་རྒྱལ་སྲུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གལ་ཆེན་ཡིན། མི་དམངས་མཁའ་ཟོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐིལ་ཕྱིན་དང་། དམག་འཁྲུག་དུས་ཀྱི་མཁའ་ཟོན་དང་དུས་རྒྱུན་ཞབས་ཞུ། འཕྲལ་སྒྲུབ་རོགས་རེས་འགན་ནུས་བཅས་ལག་བསྟར་ནན་མོ་བྱེད་དགོས་ལ། དེང་རབས་མི་དམངས་མཁའ་ཟོན་མ་ལག་སྟོབས་དང་ལྡན་པ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།
ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་མཁའ་ཟོན་མ་ལག་རུལ་སུངས་གནད་དོན་བཅོས་སྐྱོང་གི་མཛུབ་སྟོན་དགོངས་པ་གལ་ཆེན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བཞག་ནས། གནས་པའི་གནད་དོན་དག་ཐེར་དང་། ཕྱོགས་བསྡུས་བཅོས་སྐྱོང་ལ་འགན་སྲུང་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས། ཁྲིམས་ལྟར་མི་དམངས་མཁའ་ཟོན་གྱི་བཟོ་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་དང་། འཛུགས་སྐྲུན་གྱི་འཕར་ཚད་ལ་ཁག་ཐེག་བྱེད་པ་དང་། ད་ཡོད་ཀྱི་ཐོན་ཁུངས་བཀོལ་སྤྱོད་ཡག་པོ་བྱེད་དགོས། སྔ་མོ་ནས་ཕྱོགས་ཡོངས་ཀྱི་མི་དམངས་མཁའ་ཟོན་བཟོ་སྐྲུན་གྱི་ཉེན་ཁ་ཞིབ་བཤེར་བཅོས་སྐྱོང་བྱ་བ་སྒྲུབ་པ་དང་། འཕྲལ་སྒྲུབ་མཛུབ་སྟོན་དང་། སྒྲིག་ཆས་འཛུགས་སྐྲུན། ཆེད་ལས་རུ་དཔུང་འཛུགས་སྐྲུན། དྲིལ་སྒྲོག་སློབ་གསོའི་བྱ་བར་ཤུགས་བསྣན་ནས། གཡུལ་འཐབ་ཀྱི་གྲ་སྒྲིག་ཕན་ནུས་དང་། སྤྱི་ཚོགས་ཕན་འབྲས། དཔལ་འབྱོར་ཕན་ནུས་བཅས་སྔར་མེད་མཐོར་འདེགས་སུ་གཏོང་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་ལས་ཁང་དང་ཞིང་ཆེན་འཕྲལ་སྒྲུབ་མཛུབ་སྟོན་ལྟེ་གནས་ལས་གཞི་འཛུགས་སྐྲུན་ས་ཁུལ་དུ་རྟོག་ཞིབ་བྱས།