མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པ།

1.jpg

 མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཏིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པའི་ཡུལ་དངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་ཏེ། ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁུར་བ་གདན་དྲངས་ནས“ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་རྒྱུ་ཕྱི་སྣུར་བྱེད་པའི་འབྲེལ་ཡོད་དོན་དག་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི”གནས་ཚུལ་ལ་གོམ་གང་མདུན་སྤོས་སྒོས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་སོགས་ཀྱི་འབྲེལ་ཡོད་ལས་དོན་གྱི་གནད་དོན་ལ་ལན་བསྐྱོན།

2.jpg

ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་དྲིལ་བསྒྲགས་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཀྲི་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

3.jpg

ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཧྲུའུ་ཡོའུ།

ཡོངས་བསྒྲགས་ཚོགས་འདུའི་ཐོག ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཧྲུའུ་ཡོའུ་ཡིས་ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ་ཨང15པ་ཁྱབ་སྒྲོག་གནང་། ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས2020ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་དུས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་བདེ་འཇགས་བྱ་ཐབས་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲོག་ཁུལ་དང་། ཞིང་ཁུལ། གྲོང་དང་གྲོང་རྡལ། གྲོང་ཁྱེར་བཅས་ཀྱིས་ཁུལ་དབྱེ་རིམ་བགར་རིམ་བགོས་ཀྱིས་དུས་ཚོད་དང་དུས་མཚམས་མ་བསྣོལ་བ་བྱས་ནས་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་དགོས། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་རྩ་དོན་ཐོག་ཟླ3པའི་ཚེས9ཉིན་ནས་13ཉིན་བར་རྗེས་མཐུད་ངང་སློབ་འགོ་བརྩམས་ཆོག་ལ། དམའ་འབྲིང་སློབ་གྲྭ་དག་རྩ་དོན་ཐོག་ཟླ3པའི་ཚེས16ནས20ཉིན་བར་སྔ་གཞུག་ཏུ་སློབ་འགོ་བརྩམས་ཆོག མཐོ་རིམ་སློབ་གྲྭའི(མཐོ་རིམ་ལས་རིགས་སློབ་གླིང་ཚུད་པ)སློབ་འགོ་བརྩམས་པའི་དུས་ཚོད་དེ་སློབ་གསོ་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་གིས་གཏན་ཁེལ་བྱེད་རྒྱུ་དང་། ཟླ3པའི་ཚེས1ཉིན་ནས་བཟུང་དྲ་ཐོག་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་འགོ་བརྩམས་ཆོག སློབ་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་འགོ་བརྩམས་པའི་དུས་ཚོད་དེ་རིམས་ནད་གནས་ཚུལ་ལ་གཞིགས་ཏེ་གཏན་འཁེལ་བྱ་རྒྱུ་དང་། བུ་བཅོལ་ཁང་སྒོ་ཕྱེ་བའི་དུས་ཚོད་ཞིང་ཆེན་ཡོངས་ཀྱི་རིམས་ནད་ཀྱི་གནས་ཚུལ་ཚང་མ་མེད་པར་བཟོས་རྗེས་གཞི་ནས་གཏན་ཁེལ་བྱ་རྒྱུ་ཡིན་ཞེས་བསྟན།

4.jpg

ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཧྥ་ཡུའུ།

ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཧྥ་ཡུས་ཀྱིས་ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ་ཨང15པར་འགྲེལ་བཤད་བརྒྱབ་ནས་སློབ་འགོ་ཚུགས་པའི་ལས་དོན་གྱི་འབྲེལ་ཡོད་བཀོད་སྒྲིག་ངོ་སྤྲོད་བྱས། ཁོང་གིས་རང་ཞིང་གི་རིམ་པ་དང་པོའི་ཉེན་ཁའི་དང་ལེན་རིམ་པ་ཇེ་དམའ་རུ་བཏང་མ་ཐག་ཡིན་པར་དམིགས་ཏེ། ཟླ3པའི་ཚེས1ཉིན་སློབ་འགོ་བརྩམས་པར་ད་དུང་ཆ་རྐྱེན་འཛོམས་པོ་མེད། སྔོན་ལ་སློབ་སྦྱོང་གི་གནོན་ཤུགས་ཅུང་ཆེ་ཞིང་རང་ཚོད་རང་འཛིན་གྱི་ནུས་པ་ཅུང་ཆེ་བའི་སློབ་འབྲིང་སློབ་མའི་སློབ་འགོ་རྩོམ་རྒྱུ་བཀོད་སྒྲིག་བྱས་ཡོད། དེར་མཐུད་ནས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་དང་བརྡར་ཤ་བཅད་ནས་མཐོ་སློབ་དང་། སློབ་ཆུང་། བུ་བཅོལ་ཁང་བཅས་ཀྱི་ཞིབ་ཕྲའི་སློབ་འགོ་ཚུགས་པའི་དུས་སྐབས་སླར་ཡང་གཏན་འཁེལ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྡེ་ཁག་གིས་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས2020ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང་ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ་ཨང15པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་འཛུགས་རྒྱུ་དང་ཕྱོགས་མང་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་སློབ་འགོ་ཚུགས་པའི་དགོས་མཁོ་འགན་ལེན་བྱེད་པ། སློབ་འགོ་ཚུགས་པའི་ཆ་རྐྱེན་ཁ་གསལ་བཟོས་ནས་མི་མངོན་པའི་རྐྱེན་ངན་མཐའ་གཅིག་ཏུ་སེལ་བ་དང་། ལྟ་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། སློབ་ཁྲིད་བཀོད་སྒྲིག་འོས་འཚམ་བྱས་ནས་སློབ་ཁྲིད་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

5.jpg

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཞའོ་ཉིང་།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཞའོ་ཉིང་གིས་སློབ་གྲྭའི་སྔོན་འགོག་དང་ཚོད་འཛིན་དངོས་ཟོག་འགན་ལེན་བྱས་ཚུལ་ཁྱབ་བསྒྲགས་བྱས། ཁོ་མོས་བཤད་རྒྱུར་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་འཕྲལ་མཁོ་ཆེ་བའི་དངོས་ཟོག་འགན་ལེན་གྱི་གནས་བབ་ལ་ཞིབ་འཇུག་དང་བརྡར་ཤ་ཡང་དག་བཅད་དེ་ཕྱི་ནས་ཉོ་སྒྲུབ་གཏོང་འདྲེན་ནན་འཛིན་དང་ནང་ནས་གཏོང་སྤྲོད་བགོ་བཤའ་ནན་འཛིན། སྤྱི་འདོམས་ཐོན་ནུས་ལག་བསྟར་བཅས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་གཏོང་སྤྲོད་དང་། ཞིང་ཆེན་ཕྱིའི་ཉོ་སྒྲུབ། ཞིང་ཆེན་ནང་ཁུལ་གྱི་ཐོན་སྐྱེད་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་ཐོག་སྤྱད། ཉོ་སྒྲུབ་སྔོན་མངག་དང་སྐྱེལ་འདྲེན་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲལ་མཁོ་ཆེ་བའི་དངོས་ཟོག་རྒྱུན་མཐུད་ངང་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱས་ཡོད། ཟླ3པའི་ཚེས1ཉིན་བར། རིམ་རྩིས་བྱས་ན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་འགོག་སྲུང་ཁ་རས་ཁྲི324.7དང་འགོག་སྲུང་གྱོན་ཆས་ཁྲི2.9རྩ་འཛུགས་སྒོས་མངགས་ཉོ་བྱས་ལ། ཞིང་ཆེན་ནང་ཁུལ་གྱི་གསོད་སེལ་མཁོ་ཆས་ཁེ་ལས་སྒྲིག་འཛུགས་བྱས་ནས་དུག་སེལ་གཤེར་ཁུ་ཏུན84དང་སྨན་བཅོས་ལ་མཁོ་བའི་ཨ་རག་ཉིང་ཁུའི་ཏུན294ཐོན་སྐྱེད་བྱས་པ་རེད། རྗེས་མར་དངོས་ཟོག་ཉོ་སྒྲུབ་འགན་ལེན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས《སློབ་གྲྭའི་སློབ་འགོ་ཚུགས་ནས་སློབ་ཚན་བསྐྱར་ཁྲིད་ཀྱི་དངོས་ཟོག་འགན་ལེན་ལས་དོན་ཇུས་གཞི》དོན་འཁྱོལ་བྱས་ཏེ། སྔོན་ལ་འགན་ལེན་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་གནད་སྨིན་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དང་དུས་བདེའི་སློབ་གྲྭའི་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་དུས་ཐོག་དང་ལས་ཕྱོད་ཆེ་བའི་དངོས་ཟོག་འགན་ལེན་བྱ་རྒྱུ་ཡིན།

6.jpg

ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲུའུ་ཐའེ་ཆིང་།

ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲུའུ་ཐའེ་ཆིང་གིས་སློབ་རའི་ཉེ་འཁོར་གྱི་བཟའ་བཏུང་སོགས་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སློབ་ར་དང་ཉེ་འཁོར་གྱི་བཟའ་བཅའ། སློབ་གྲྭའི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག《གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བརྒྱུད་སྤེལ་བྱས་པ་དང་། ཞིང་ཆེན་སློབ་གསོ་ཐིང་དང་མཉམ་འབྲེལ་གྱིས《དཔྱིད་དུས་དང་སྟོན་དུས་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་སློབ་གསོའི་ཁོངས་གཏོགས་ཀྱི་ཆབ་སྲིད་ལངས་གནས་མཐོ་རུ་བཏང་སྟེ། སློབ་གྲྭའི(བུ་བཅོལ་སྒྲིག་གཞི)ཟ་ཁང་གི་བཟའ་བཅའི་བདེ་འཇགས་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ནན་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྗེས་མར“ཁྱོན་ཡོངས་ལ་ཁྱབ་པ། བརྒྱུད་རིམ་ཧྲིལ་པོ། ཐེངས་གྲངས་མང་བ”བཅས་ཀྱི་བླང་བྱ་ལྟར་སློབ་ར་དང་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད། “མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་། གཙོ་གནད་འབུར་ཐོན། ཞབས་ཞུ་ཡག་པོ་སྒྲུབ་པ”བཅས་ཀྱི་བླང་བྱ་ལྟར་སློབ་གྲྭའི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་དགོས། བདེ་འཇགས་དྲིལ་བསྒྲགས་དང་སློབ་གསོའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།

7.jpg

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧུའུ།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧུའུ་ཡིས་སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་སྒྲིག་བྱས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་རིམས་ནད་བྱུང་ཚུལ་གྱི་འཕེལ་རྒྱས་རྣམ་པར་དོ་ཁུར་ཆེན་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱེད་པ་དང་རིམས་ནད་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་ངང་ཡག་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་དུས་ཚོད་ཕྱི་སྣུར་བྱེད་པའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭར་ཇུས་གཞི་བཟོ་བ་དང་། ལས་གནས་དང་འགན་འཁྲི་གཏན་འཁེལ། བདེ་ཐང་ལྟ་ཞིབ་ཚད་ལེན། རིམས་ནད་བྱུང་ཚུལ་སྙན་ཞུ། མི་སྣ་དོ་དམ་དང་ཚོད་འཛིན། ཁོར་ཡུག་བཅོས་སྒྲིག རླུང་རྒྱུ་དུག་སེལ། བདེ་ཐང་དྲིལ་བསྒྲགས་དང་སློབ་གསོ། སེམས་ཁམས་ཁྲིད་སྟོན། དངོས་རྫས་གྲ་སྒྲིག་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་སྣ་ཚོགས་དང་རིམས་ནད་འབྱུང་སྲིད་པའི་ཐོལ་བྱུང་ཐག་གཅོད་ཀྱི་ལས་ཀ་བཅས་ལ་མཛུབ་སྟོན་ནན་ཏན་བྱས་ནས། སློབ་འགོ་ཚུགས་རྗེས་སློབ་གསོ་དང་སློབ་ཁྲིད་ཀྱི་སྒྲིག་ལམ་བརྟན་བརླིང་ཡོང་བ་དང་དགེ་སློབ་ཀྱི་བདེ་ཐང་ལ་འགན་སྲུང་ནུས་ལྡན་བྱ་དགོས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆེད་ལས་མི་སྣ་སྐོང་འཐེན་བྱས་ཏེ་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་མི་སྣ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ཁྲིམས་ལྟར་ཚན་རིག་དང་མཐུན་པའི་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། ཚད་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་དགོས། ཞིང་ཆེན་སློབ་གསོ་ཐིང་དང་མཉམ་དུ་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ལས་མཛུབ་ཁྲིད་པའི་དཔུང་ཁག་བཙུགས་ཏེ། ཁྱོན་ཡོངས་ནས་ཞིབ་ཚགས་ཀྱི་སྐོར་སྐྱོད་མཛུབ་ཁྲིད་བྱས་ཏེ་སློབ་གྲྭ་ཡོངས་ལ་ཁྱབ་པ་བྱ་དགོས། བདེ་ཐང་ཤར་བགྲོད་བྱང་བུའི་ལམ་ལུགས་ལག་བསྟར་བྱས་ཏེ་དགེ་སློབ་སློབ་གྲྭར་སྐྱོད་པར་སྟབས་བདེ་བསྐྲུན་དགོས།

8.jpg

ཀྲུའུ་རེན་སྨན་པའམ་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཡུང་ཁྲེང་།

ཀྲུའུ་རེན་སྨན་པའམ་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཡུང་ཁྲེང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་དང་བུ་བཅོལ་སྒྲིག་གཞིས་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་གཙོ་གནད་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། སློབ་གྲྭ་ཚོགས་འགོ་མ་བརྩམ་གོང་དང་བུ་བཅོལ་ཁང་གི་སྒོ་མ་ཕྱེས་གོང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ནས། དགེ་སློབ་ཡོངས་ཀྱི་གུང་གསེང་རིང་ཕྱིར་བསྐྱོད་གནས་ཚུལ་དང་གཟུགས་པོའི་གནས་ཚུལ་མཐིལ་རྟོགས་བྱས་ཏེ“ཉིན་རེའི་སྙན་ཞུ”དང“སྙན་ཞུ་མེད་པའི”ལམ་ལུགས་ལག་བསྟར་དང་གཙང་སྦྲ་མཐར་ཕྱིན་བྱས་ཏེ། སློབ་གྲྭའི་ནང་བལྟོས་བཅས་ཀྱིས་རང་ཚུགས་ཡིན་པའི་གནས་སྐབས་ཟུར་བཀར་ཁུལ་འཛུགས་དགོས། སློབ་འགོ་བརྩམས་པ་དང་བུ་བཅོལ་ཁང་གི་སྒོ་ཕྱེ་རྗེས། ཉིན་ལྟར་དགེ་རྒན་དང་ལས་བྱེད་པ། སློབ་མའི་བདེ་ཐང་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཤིང་སློབ་གྲྭས་བཀག་སྡོམ་ཅན་གྱི་དོ་དམ་ལག་བསྟར་བྱས་ནས་སློབ་མའི་ཉལ་ཁང་ལ་ཆེད་བསྐོས་མི་སྣས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་དགོས། ཟ་ཁང་དང་སྒོ་རྩིས་ཚོང་ཁང་གིས་ཚོང་ཟོག་ནང་འདྲེན་བྱེད་སྐབས་ལག་ཁྱེར་དང་སྤ་སེ་ལེན་པ་དོན་འཁྱོལ་ནན་པོ་བྱེད་དགོས་ལ། དགེ་རྒན་དང་ལས་བཟོ་བ། སློབ་མའི་ལག་པའི་འཕྲོད་བསྟེན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། འཚོ་བ་དང་སློབ་སྦྱོང་། ལས་ཀ་བྱ་ཡུལ་སོགས་ཀྱི་འཕྲོད་བསྟེན་དོ་དམ་ཡག་པོ་བྱེད་དགོས། སློབ་འགོ་བརྩམས་རྗེས་སུ་ཏོག་གསར་གློ་ཚད་འགོག་སྲུང་ཤེས་བྱ་དང་རྩལ་ནུས་སྒྲོག་འགྲེལ་བྱ་རྒྱུ་རྩ་འཛུགས་བྱས་ནས་སློབ་གྲྭའི་ཁོར་ཡུག་གཙང་མ་ཡོང་བར་བྱེད་དགོས། ཁྱིམ་བདག་གིས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས། སློབ་གྲྭར་ཞུགས་དུས་དང་རྒྱུན་ལྡན་གྱི་སློབ་ཁྲིད་སྐབས། འགོས་ཁུངས་དོ་དམ་དང་སློབ་གྲྭའི་ནང་གི་རིམས་ནད་བྱུང་ཚུལ་ཚོད་འཛིན། སློབ་ཁྲིད་བྱེད་མཚམས་འཇོག་པ་བཅས་ཀྱི་བྱེད་ཐབས་སྤྱོད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།