མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ན་གོར་མོ་ནས་མང་ཡ་བར་གྱི་གཞུང་ལམ་རྣམ་གྲངས་ལས་འགོ་ཚུགས་པ།

W020200302495956482715.jpg

འདི་ནི་ལས་འགོ་བསྐྱར་ཚུགས་ཀྱི་སྐུལ་སློང་ཚོགས་འདུའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ2པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་གཙོ་གནད་འཆར་འགོད་བསྐྱར་སྐྲུན་རྣམ་གྲངས་དང་མ་དངུལ་སྒོར་དུང་ཕྱུར62.75བཏང་བའི་ན་གོར་མོ་ནས་ལའོ་མང་ཡ་བར་གྱི་གཞུང་ལམ་དངོས་སུ་སྐྲུན་འགོ་ཚུགས་པ་རེད། 

ན་གོར་མོ་ནས་ལའོ་མང་ཡ་བར་གྱི་གཞུང་ལམ་གྱི་རིང་ཚད་ཧྲིལ་བོར་སྤྱི་ལེ343.143ཡོད་པ་དེ“རྒྱུད་གཅིག་ལམ་གཅིག”  གོར་མོ་ནས་མང་ཡ་གྲོང་རྙིང་བར་གྱི་གཞུང་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་343.143ཡོད་པ་དེ“རྒྱུད་གཅིག་ལམ་གཅིག”གི་ལྷོ་ལམ་ཁྱམས་རིང་གི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཞིན་ཅང་དང་། མཚོ་སྔོན། སི་ཁྲོན་བཅས་ཀྱི་གཞུང་ལམ་སྐྱེལ་འདྲེན་བགྲོད་ལམ་ཆེན་མོ་བསྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། གཞུང་ལམ་འདི་ཉིད་ཕྱོགས་གཉིས་ཀྱི་འཁོར་ལམ་བཞིའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་རེད། 

W020200302495956535563.jpg

འདི་ནི་ལས་འགོ་བསྐྱར་ཚུགས་ཀྱི་སྐུལ་སློང་ཚོགས་འདུའི་ཡུལ་དངོས་རེད། 

ལས་གཞི་དེ་བསྐྲུན་རྗེས་ཁྲེན་ཏུའུ་ནས་གཅིག་སྒྲིལ་དང་། མཛོ་རྒན་རྭ་བར། ཞང་སྡེ། ན་གོར་མོ་བཅས་ནས་མང་ཡ་གྲོང་རྙིང་བར་གྱི་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་ཞིག་ཆགས་ནས་མཚོ་སྔོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལམ་དྲ་ཤར་གཏོང་ཐུབ་པའི་ཆུ་ཚད་དང་ཤར་གཏོང་ཐུབ་པའི་གཏིང་ཚད་ཇེ་མཐོ་རུ་གཏོང་བ།  ས་ཁོངས་ཀྱི་ལེགས་ཆའི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ལྡན་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།