ཟླ3པའི་ཚེས2ཉིན་གྱི་མཚོ་སྔོན་གྱི་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ3པའི་ཚེས2ཉིན་གྱི་ཆུ་ཚོད0ནས24བར། མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ་དང་དོགས་ཡོད་ནད་པ་གཅིག་ཀྱང་བྱུང་མེད། 

ཟླ3པའི་ཚེས2ཉིན་གྱི་ཆུ་ཚོད24ཡི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ18སྙན་སེང་ཞུས་ཡོད་ལ། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ15དང་མཚོ་བྱང་ཁུལ་དུ་ནད་པ3ཡོད། ནད་པ་ཚང་མའི་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་ཟིན། 

མིག་སྔར་བསྡོམས་རྩིས་བྱས་པ་ལྟར་ན་འབྲེལ་འདྲིས་ཡོད་པའི་མི437གྱི་རྗེས་འདེད་ཐུབ་ཡོད་པ་དང་། དེ་དག་ཚང་མར་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།