མཚོ་སྔོན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། བྱ་ཐབས་སྣ་མང་སྤྱད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབས་ཤིང་། གཏན་འཁེལ་བྱས་པའི་ནད་དཔེ18ནས་ནད་དཔེ17ཀྲུང་ལུགས་གསོ་རིག་ལ་བརྟེན་ནས་སྨན་བཅོས་བྱས་པ་དང་། ཀྲུང་ལུགས་གསོ་རིག་སྨན་བཅོས་བྱེད་ཚད94.4%ཟིན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་རྒྱལ་ཁབ་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་གཞིར་བཟུང་སྟེ། ཀྲུང་ལུགས་གསོ་རིག་གི་མང་འདུས་བྱ་ཐབས་ཁག་བཞི་བཟོ་རྩིས་ཡོད་པ་རེད། ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི26གིས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་འགོག་གི་སྨན་བསྐོལ་བ་དང་། ཁྱིམ་ཚང་སྨན་པས་ཁག་ཐེངས་ཕྱེ་སྟེ་གཙོ་གནད་མི་ཚོགས5000ལྷག་ཙམ་ལ་སྒོར་ཁྲི1.5ལྷག་ཙམ་གི་རིན་ཐང་ལྡན་པའི་ཀྲུང་ལུགས་གསོ་རིག་གི་སྨན་ཐང་སོགས་སྤྲད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་གཏན་འཁེལ་བྱས་པའི་ནད་དཔེ་དང་། འབྲེལ་འདྲིས་དམ་ཟབ་བྱེད་མཁན། རིམས་ནད་ཐོན་ཡུལ་བཅས“གཙང་མ་གཙང་རྐྱང”བཟོས་ཡོད་པ་རེད། གོམ་སྟབས་རྗེས་མར། ཞིང་ཆེན་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏན་འཁེལ་དམིགས་ཚད་མངོན་འགྱུར་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།