མཚོ་སྔོན་མང་ཡའི་སྐྱེས་པ་ཞིག་གིས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་གསོས་པར་ཁྲིམས་ཆད་བཅད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་ཚེས27ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ཅུའུ་འདིས་མིའི་ཐབས་ཀྱིས་རྒྱུད་སྤེལ་ཆོག་མཆན་ལག་ཁྱེར་མེད་པའི་རི་སྐྱེས་སྲོག་ཆགས་གསོ་སྤེལ་གྱི་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། 

༡.jpg

ཞ་ཆེ་གེ་མོས་ཁྲིམས་འགལ་གྱིས་གསོས་པའི་རྡོ་བྱ་དང་དེ་ཕོ། 

ངོ་སྤྲོད་བྱས་པ་ལྟར་ན། ཟླ2པའི་ཚེས17ཉིན་མང་ཡ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་ཧྭ་ཐུའུ་ཀོའུ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་དང་མཉམ་འབྲེལ་སྒོས་ཁོངས་གཏོགས་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རིམས་ནད་འབྱུང་ཁུངས་རི་སྐྱེས་སྲོག་ཆགས་ལ་ཞིབ་བཤེར་བྱེད་སྐབས། ཧྭ་ཐུའུ་ཀོའུ་གྲོང་རྡལ་ཁྲིང་ནན་ལམ་གྱི་ཞ་ཆེ་གེ་མོའི་ཁྱིམ་དུ་དེ་ཕོ་ཡིན་པ་འདྲ་བའི་རི་སྐྱེས་སྲོག་ཆགས6གསོ་བཞིན་པ་ཤེས། མི་ཐབས་ཀྱིས་རྒྱུད་སྤེལ་ཆོག་མཆན་ལག་ཁྱེར་མེད་པར་རི་སྐྱེས་སྲོག་ཆགས་གསོ་སྤེལ་བྱད་པའི་དོགས་པ་ཡོད། 

བརྟག་དཔྱད་བྱས་པ་བརྒྱུད། ཞ་ཆེ་གེ་མོས་གསོ་སྤེལ་བྱས་པའི་རི་སྐྱེས་སྲོག་ཆགས་ནི་རྡོ་བྱ1དང་དེ་ཕོ5ཡིན་པ་དང་། དེ་དག་ནི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་སྐྱེ་དངོས་དང་ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཡིན། 

༢.jpg

མང་ཡ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་རི་སྐྱེས་སྲོག་ཆགས་དེ་དག་ན་གོར་མོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས་སུ་བསྐྱལ། 

ཞ་ཆེ་གེ་མོས་མིའི་ཐབས་ཀྱིས་རྒྱུད་སྤེལ་ཆོག་མཆན་ལག་འཁྱེར་མེད་པར་རི་སྐྱེས་སྲོག་ཆགས་གསོས་པའི་ཁྲིམས་འགལ་བྱ་སྤྱོད་ཁས་ལེན་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། ཉེན་རྟོག་པས་ཁྲིམས་ལྟར་ཞ་ཆེ་གེ་མོས་གསོ་སྤེལ་བྱས་པའི་རི་སྐྱེས་སྲོག་ཆགས་གཞུང་བཞེས་བྱས་པར་མ་ཟད། ད་དུང་སྒོར1650ཡི་སྲིད་འཛིན་ཆད་པ་བཅད། གཞུང་བཞེས་བཏང་བའི་རི་སྐྱེས་སྲོག་ཆགས་ད་ལྟ་ན་གོར་མོ་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་བསྐྱལ་བ་རེད། 

མང་ཡ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་གྲོང་མི་ཚོས་རི་སྐྱེས་སྲོག་ཆགས་རྔོན་རྒྱག་དང་། གསོ་ཚགས། བཟའ་སྤྱོད་བཅས་ཀྱི་བདེ་ཐང་ཉེན་ཁ་ལ་ངོས་འཛིན་གང་ལེགས་བྱས་ཏེ“རི་ཟས”དང་ཐག་རིང་དུ་བཏང་ནས་བདེ་ཐང་གི་བཟའ་བཏུང་སྤྱོད་དགོས་པ་དང་། ཁྲིམས་དང་མི་མཐུན་པར་རི་སྐྱེས་སྲོག་ཆགས་གསོ་བ་དང་རྔོན་རྒྱག་པ་སོགས་གཏན་འགོག་བྱ་དགོས། དེ་དང་ཆབས་ཅིག་མང་ཡ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་སྐོར་ཞིབ་དང་སྐོར་སྲུང་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། རི་སྐྱེས་སྲོག་ཆགས་གང་བྱུང་རྔོན་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།