ཝང་ཀྲིན་ཧྲིན་གྱིས་འགོ་འཛིན་བྱས་ནས2020ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་སྤྱི་བདེ་ཐིན་གྱི་ཏང་ཨུའི་ཚོགས་འདུར་འགོ་འཛིན་བྱས་ནས་2020ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་གཙོ་བོ་སྣ74ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ལས་རིགས་གཙོ་བོར་དམིགས་ཚེ་གཞི་ནས་སེམས་ནུས་གཅིག་སྒྲིལ་དང་གནད་སྨིན་ཇུས་འདོན་བྱས་ན་གཞི་ནས་གནད་སྨིན་ཤུགས་འདོན་བྱེད་ཐུབ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གནད་དོན་གྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་དང་དུས་བབ་གསར་བར་དུས་ཐོག་ཏུ་རྗེས་སྙེགས་བྱེད་པ། མཆོང་ལྡིང་བྱས་ནས་ཁམ་བུ་འཐོག་པའི་རྣམ་པ་སྤྱད་དེ་འཇུག་སྒོ་གནད་ལ་འཁེལ་བ་དང་ཤུགས་རྒྱག་ས་དམ་འཛིན་བྱེད་པ། ཚད་གཞི་མཐོ་བའི་ངོ་བོ་གཏན་འཁེལ་དང་བྱེད་ཐབས་ཞིབ་ཚགས་ཀྱི་ཚད་གཞི་གཏན་འཁེལ་བྱེད་པ། ལོ་འཁོར་གྱི་སྤྱི་བདེའི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དང་དཀའ་གནད་ཁྲོད་ཀྱི་དཀའ་གནད་ལ་དམ་པོར་དམིགས་པ། རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་ཏན་དང་འགལ་བ་གཙོ་བོ་དམ་འཛིན་བྱེད་པ། འགན་འཁྲི་དེ་བས་ཁ་གསལ་དང་། གཙོ་གནད་དེ་བས་འབུར་ཐོན། དཔྱད་ཞིབ་དེ་བས་དྲང་གཞག་བཅས་ཀྱི་སྒོ་ནས་སྤྱི་བདེའི་ལས་དོན་དང་དཔུང་སྡེ་འཛུགས་སྐྲུན་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཆེ་རུ་གཏོང་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཐབས་ཇུས་དེ་བས་ཚན་རིག་དང་མཐུན་པ་དང་། བཅོས་སྒྲིག་དེ་བས་གནད་དུ་འཁེལ་བ། ཞབས་ཞུ་དེ་བས་ཕན་འབྲས་ཆེ་བ་བཅས་ཀྱི་རྩ་དོན་ལ་བརྟེན་ནས་གནད་སྨིན་གསེད་བཀྲོལ་དང་གོ་རིམ་ཞིབ་ཚགས་ངང་སྒྲིག་པ། ཆ་ཤས་དང་ཁྱོན་ཡོངས་དང་། མིག་སྔར་དང་ཕུགས་རྒྱང་། གཙོ་གནད་དང་རྒྱུན་རྣམ་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱེད་མཁས་པོ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་གཙོ་གནད་ལས་དོན་དམ་འཛིན་དང་དམ་འཛིན་ཞིབ་ཕྲ་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས་ལ། རྒྱ་ཆེའི་མི་དམངས་ཉེན་རྟོག་པའི་ལས་རོགས་ཉེན་རྟོག་པར་ཞན་ཆ་གསབ་པའི་ལག་བསྟར་ནུས་པ་དང་དཔའ་ངར་ཆེ་བའི་འགན་འཁྲི་སྔར་བས་ལྡན་དགོས་པ་དང་། གལ་ཆེའི་ནང་གི་དོན་ཆེན་དམ་འཛིན་བྱེད་མཁས་པ། དཀའ་ངལ་ཁྲོད་ཀྱི་དཀའ་གནད་སེལ་མཁས་པ་བཅས་བྱས་ནས་སྣེ་མང་རྙོག་འཛིང་གི་ལས་ཀའི་ཁྲོད་ནས་བསམ་ཕྱོགས་བཟོས་ཏེ་ལས་ཕྱོད་ཆེ་རུ་གཏོང་དགོས་ཟེར། ཁོས་ད་དུང་ལྷོད་གཡེང་གི་བསམ་བློ་དང་། དམག་འཁྲུག་ལ་ཞེན་པ་ལོག་པའི་བསམ་ཚུལ། སྟེས་དབང་གི་བསམ་ཚུལ། ལྷོད་གཡེང་གི་བསམ་པ་བཅས་ལ་དོགས་ཟོན་ཆེན་པོ་བྱས་ཏེ། སྔར་བས་ནུས་ལྡན་དང་གོ་རིམ་ལྡན་པ། བརྟན་པོའི་ངང་གཅིག་གྱུར་འཆར་འགོད་བཅས་བྱས་ནས་ནད་ཡམས་མཉམ་འགོག་མཉམ་བཅོས་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན དམ་འཛིན་ཡག་པོ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།