མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་འབྲེལ་གཏུག་ས་ཚིགས་ཀྱིས་གཙོ་གནད་ཚོང་དོན་ཁེ་ལས42ལ་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས“ཕྱོགས་གཉིས་ཀ་དམ་འཛིན་དང་། ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ། ཕྱོགས་གཉིས་ཀར་སྐུལ་འདེད་བྱེད་པ”བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁེ་ལས་གང་མགྱོགས་ངང་བསྐྱར་དུ་ལས་འགོ་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཚོང་དོན་ཐིན་ཏང་ཙུའུ་ཡིས་ཐིན་འགོ་ཁྲིད་པས་འབྲེལ་གཏུག་ས་ཚུགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལམ་སྲོལ་བཙུགས་ཏེ་གཙོ་གནད་ཚོང་དོན་ཁེ་ལས42ལ་འབྲེལ་གཏུག་རོགས་སྐྱོར་བྱ་རྒྱུ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ཚོང་དོན་ཐིན་གྱི་འགོ་ཁྲིད་ཀྱིས་རང་སོ་སོའི་འབྲེལ་གཏུག་ས་ཚིགས་ཀྱི་གཙོ་གནད་ཕྱི་ཕྱོགས་ཚོང་དོན་ཁེ་ལས་དང་འབྲེལ་གཏུག་བྱས་ཏེ་ཁེ་ལས་བསྐྱར་དུ་ལས་འགོ་ཚུགས་པའི་གནས་ཚུལ་འགུལ་རྣམ་ངང་ཁོང་དུ་ཆུད་པ་བྱས་ནས། ཁེ་ལས་བསྐྱར་དུ་ལས་འགོ་ཚུགས་པའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཤེས་རྟོགས་གནད་ཁེལ་བ་བྱས་ནས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་ལ། རྒྱལ་ཁབ་དང་། ཞིང་ཆེན་རིམ་པ། སྡེ་ཁག་བཅས་ཀྱི་རོགས་སྐྱོར་སྲིད་ཇུས་བྱ་ཐབས་རྒྱུད་བསྒྲགས་བྱས་ཤིང་དེ་དག་རེ་རེ་བཞིན་དོན་འཁྱོལ་བྱས་ནས་ཁེ་ལས་དཀའ་ཁག་ལས་སེལ་བར་རོགས་སྐྱོར་བྱ་དགོས། དེ་དང་ཆབས་ཅིག་ཞིང་ཆེན་ཚོང་དོན་ཐིན་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཁེ་ལས་ཀྱིས་རིམས་ནད་ལ་ཁ་གཏད་སྐབས་ཀྱི་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། རྩིས་ཁྲ་བཟོ་བ་དང་རྩིས་ཐོ་འགོད་པའི་བྱེད་སྟངས་བརྒྱུད་ཁེ་ལས་ཀྱིས་གཟིགས་སྐྱོང་སྲིད་ཇུས་ཁག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་བེད་སྤྱོད་གང་ལེགས་ཐུབ་རྒྱུར་རོགས་རམ་བྱས་ཏེ་གོ་རིམ་ལྡན་པའི་ངང་བསྐྱར་ཏུ་ལས་འགོ་ཚུགས་ཐུབ་པ་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱ་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།