མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་སྒེའུ་ཁུང་ཞབས་ཞུ་རྒྱུན་མི་ཆད་པར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་སྒེའུ་ཁུང་དུ“དྲ་ཐོག་ལས་སྒྲུབ་དང་། ཁ་པར་ལས་སྒྲུབ། མྱུར་སྐྱེལ་ལས་སྒྲུབ། འདྲི་རྩད་ལས་སྒྲུབ། དུས་བཅད་ལས་སྒྲུབ”བཅས་ཀྱི་སྲིད་དོན་ཞབས་ཞུ་ཁྱབ་གདལ་གཏིང་ཟབ་བཏང་སྟེ“ཡུལ་ངོ་འཕྲད་མི་དགོས་པར”ཞིབ་མཆན་འགོད་པའི་ཞབས་ཞུའི་བྱེད་ཐབས་ལ་བརྟེན་ནས། “ནད་དུག་གིས་ལོགས་བཀར་ཡང་ལོགས་སུ་མི་དབྱེ་བའི་ཞབས་ཞུ”ཐུབ་པ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་གི་སྒེའུ་ཁུང་ཞབས་ཞུ་རྒྱུན་མི་ཆད་པར་ཇེ་ལེགས་སུ་གཏོང་བར་ཁག་ཐེག་བྱས། 

ཞིང་ཆེན་ཚན་རྩལ་ཐིན་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་སྒེའུ་ཁུང་གིས་འཐབ་ཕྱོགས་དང་པོའི་མཉམ་འགོག་མཉམ་སྡོམ་གྱི་ཚན་ཞིབ་ལས་དོན་གྱི་དགོས་མཁོ་དང་བསྟུན་ནས། “ཁ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ+གཙོ་གནད་ལེགས་འདེམས”ཀྱི་བྱེད་ཐབས་སྤྱད་དེ་རེ་ཞུའི་བརྒྱུད་རིམ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་རྣམ་གྲངས་འཛུགས་པའི་མྱུར་ཚད་མགྱོགས་སུ་བཏང་ནས་ཏོག་དབྱིབས་ནད་དུག་གསར་པ་འགོས་པར་ཁ་གཏད་གཅོག་པའི་ཆེད་དོན་རེ་ཞུའི་ལས་དོན་བདེ་བླག་ངང་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་ཞབས་ཞུ་དང་འགན་ལེན་བྱས་ཏེ་འཐབ་ཕྱོགས་དང་པོའི་ཚན་ཞིབ་འགག་སྒྲོལ་དང་ཚན་རྩལ་གསར་གཏོད་ཁེ་ལས་བསྐྱར་དུ་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།  

ལས་དོན་སྒྲུབ་པའི་རིང་སྒེའུ་ཁུང་ལས་སྒྲུབ་མི་སྣས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ནན་གྱིས་དོན་འཁྱོལ་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་སོགས་འགོག་སྲུང་སྒྲིག་ཆས་བཀོལ་བ། སྒེའུ་ཁུང་དུ“སྨི་གཅིག་གི་བདེ་འཇགས་བར་ཐག”རྟགས་རྒྱབ་པ། དྲ་རྒྱ་དང“ཡུན་བརྟན་བདེ་འཇགས་ལས་སྒྲུབ”APPསོགས་ཀྱི་བྱེད་ཐབས་བརྒྱུད“ངོ་འཕྲད་མི་དགོས་པར”ཞིབ་མཆན་འགོད་པ་བཅས་བྱས་ཏེ་ནད་དུག་མཆེད་པར་ཅི་ནུས་ཀྱིས་གཏན་འགོག་བྱས་པ་རེད། མིག་སྔའི་བར“བར་ཐག་རིང་བ་དང་ཐུག་འཕྲད་མི་བྱེད་པའི”རྣམ་པའི་ཐོག་ནས་ཚན་རྩལ་གྲུབ་འབྲས་ཁག16ཐོ་འགོད་བྱས་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།