མཚོ་སྔོན་ནས་ཧོ་ནན་བར་གྱི་ཆེས་མཐོའི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གཞིའི་མཚོ་སྔོན་ལམ་དུམ་གྱི་ལས་འགོ་བསྐྱར་འཛུགས་བྱས་པ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་ཕྱིར་འདྲེན་པའི་ཆེད་དམིགས་ཀྱི་ཆེས་མཐོའི་མཐོ་གནོན་གྱིི་སྐུད་ལམ་ལས་གཞི་ཐོག་མ་སྟེ་མཚོ་སྔོན་ནས་ཧོ་ནན་ཞིང་ཆེན་བར་གྱི་ཆན་ཧྥུའུ800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གཞིའི་མཚོ་སྔོན་ལམ་དུམ་ཚེས23ཉིན་དངོས་སུ་ལས་འགོ་ཚུགས་པ་རེད། ལས་གཞི་དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར226བཏང་ཞིང་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པས་འབྲེལ་ཡོད་ལས་རིགས་གོ་རིམ་ལྡན་པའི་ངང་བསྐྱར་འཛུགས་བྱ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།

༢.jpg

ཉིན་དེར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཁོངས་ཀྱི་ཨར་ལས་བྱ་ཡུལ་དུ་བདེ་འཇགས་དཔལ་ཡོན་ཨར་ལས་ཀྱི་སྦྱར་ཡིག་མངོན་གསལ་དོད་པོ་ཡིན་ལ། རྒྱུ་ཆ་དང་འཕྲུལ་ཆས། སྨན་བཅོས་འགན་ལེན་མཁོ་ཆས་སོགས་གོ་རིམ་ལྡན་པའི་ངང་བཞག་ཡོད། མཚོ་སྔོན་གློག་སྐྱེལ་གློག་སྒྱུར་ལས་གཞི་ཚད་ཡོད་ཀུང་སིའི་ཨར་ལས་རྣམ་གྲངས་པུའུ་ཡི་འགན་ཁུར་པ་ལིས་ཅི་ཚུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གཞི་བསྐྱར་སྐྲུན་ཐད་ས་གནས་སྲིད་གཞུང་གི་རིམས་འགོག་ལས་དོན་གྱི་བཀོད་སྒྲིག་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་རྗེས་མཐུད་ལས་གཞིའི་ཨར་ལས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་བླང་བྱ་དོན་འཁྱོལ་བྱེད་པ། “གནས་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་དང་དཔེ་སྟོན་སྔོན་སྐྱོད”ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་རྗེས་མཐུད་ལས་གཞི་འཛུགས་སྐྲུན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དཔེ་སྟོན་སྣེ་ཁྲིད་བཅས་བྱས་པ་རེད། 

༣.jpg

མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ800ཡི་ཆེས་མཐོའི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གཞི་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བརྗེ་རྒྱུག་ས་ཚིགས་ནས་འགོ་ཚུགས་པ་དང་། ཧོ་ནན་ཞིང་ཆེན་གྱི་མཱ་ཏེན་བརྗེ་རྒྱུག་ས་ཚིགས་བར་ཡིན་པ་དང་། མཚོ་སྔོན་དང་། ཀན་སུའུ། ཧྲའན་ཞིས། ཧོ་ནན་བཅས་ཞིང་ཆེན་བཞི་བརྒྱུད་དེ་ལམ་ཐིག་ཧྲིལ་པོར་སྟོང་སྨི1578ཙམ་ཡོད་པ་རེད། དེའི་ནང་མཚོ་སྔོན་ལམ་དུམ་ལ་སྟོང་སྨི231ཡོད་པ་དང་ལྕགས་སྒྲོམ433བསྐྲུན་རྒྱུ་དང་། ལམ་རྒྱུད་ས་ཁུལ་དུ་བྱེ་ཐང་དང་། མྱ་ངམ་ཐང་། རི་མ་ཐང་བཅས་གཙོ་བོར་བྱས་ཤིང་། གནམ་གཤིས་ཁོར་ཡུག་དང་ས་ཁམས་ཁོར་ཡུག་གི་ཆ་རྐྱེན་ཞན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ཧ་ཅང་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན། 

 ལིས་ཅི་ཚུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ800ཡི་ཆེས་མཐོའི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གཞི་ནི་རྒྱལ་ཁབ་གློག་དྲས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་དང་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་སླར་གསོ་བྱས་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་རོགས་རམ་བྱེད་པའི་བྱ་ཐབས12ཀྱི་གྲས་ཤིག་རེད། ཨར་ལས་བདེ་འཇགས་དང་ལས་ཡུན་འགན་ལེན་བྱ་ཆེད། ཨར་ལས་ཚན་པས་ལས་གཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་བ་དང་། ཡུལ་དངོས་སུ་དོ་དམ་ཚོད་འཛིན་བྱེད་ཐབས་ནན་དུ་བཏང་བ་མ་ཟད། ལས་ཀ་སླར་གསོ་བྱས་རྗེས་ཐོན་སྲིད་པའི་ནད་དཔེ་སྐྱོབ་བཅོས་དང་འགོས་ནད་སྔོན་འགོག་ལ་དམིགས་ནས་ཆེད་དོན་སྔོན་ཇུས་བཟོས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་གཞི་འཛུགས་སྐྲུན་གཉིས་ཀ་དམ་འཛིན་དང་འཐུས་ཤོར་མི་འགྲོ་བའི་འགན་ལེན་བྱས། 

༤.jpg

མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ800ཡི་ཆེས་མཐོའི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གཞི་ད་ལོར་བསྐྲུན་ཟིན་ནས་གློག་འདྲེན་སྤྱོད་འགོ་ཚུགས་པའི་འཆར་གཞི་ཡོད་ཅིང་། ལོ་རེར་ཧོ་ནན་དུ་དྭངས་གཙང་གློག་ཤུགས་ཆན་ཝ་དུང་ཕྱུར400འདྲེན་པའི་སྐབས་སུ་མཚོ་སྔོན་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསར་འབྱེད་འཛུགས་སྐྲུན་དང་གཞི་ཁྱོན་ཆེ་བའི་ཕྱིར་འདྲེན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ནུབ་བྱང་ས་ཁུལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་ཧྲིལ་པོ་ཕྱིར་འདྲེན་དང་གཙང་སེལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ནུས་ལྡན་ངང་བསལ་ནས་རླུང་ཁམས་ཆེན་མོའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།