ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་དགུ་བ་དང་ཀྲུའུ་ཞི་གྲོས་ཚོགས་ཐེངས་སོ་བཞི་བ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཅིག་གྱུར་སྒོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
མགོན་པོ་བཀྲ་ཤིས་དང་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི ལིག་ཏཱ་ཡེ་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ང་ཚོས་འགུལ་སྐྱོད་དངོས་ལ་བརྟེན་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མིག་སྔར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ཐད་ཀྱི་ཚན་རིག་དང་མཐུན་པའི་དབྱེ་འབྱེད་དང་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱེད་དགོས། སྲིད་གྲོས་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱེད་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱེད་པ། སྔོན་འགོག་ཚོད་འཛིན་ནན་མོ་བྱས་ཏེ། ཧུར་ཐག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཐད་ཀྱི་རྒྱལ་ཁ་ལེན་དགོས། གཅིག་གྱུར་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱབ་ལྗོངས་འོག་གི་ལོ་ཧྲིལ་བོའི་བྱ་བའི་བཀོད་སྒྲིག་འཆར་འགོད་བྱས་ནས། བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་དང་། འགོ་བཟང་བོ་རྩོམ་དགོས་ཟེར།
ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱུན་མཐུད་ངང་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཆབ་སྲིད་ཀྱི་ལངས་གནས་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བརྗོད་དོན་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་བྱ་བ་སྤེལ་ནས། ལམ་ལུགས་ཀྱི་དགེ་མཚན་བྱ་བའི་ཕན་ནུས་སུ་བསྒྱུར་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། མངག་གཏོང་བཅའ་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཚན་ཆུང་གི་མངག་གཏོང་གི་དབང་ཟིལ་དང་བཅའ་སྡོད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་སྣོན་དགོས་ཟེར།
ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས།
ཚོགས་ཐོག་ནས་ད་དུང་ཞིང་ཆེན་སྲིད་གྲོས་ཀྱི2020ལོའི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་ཀྱི་གྲོས་གཞི་བཀོད་སྒྲིག་དང་གཞུང་ལུགས་སློབ་སྦྱོང་ལག་བསྟར་ཇུས་གཞི། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་གཙོ་བོའི་གདམ་བསེས་གནས་ཚུལ་སོགས་ལ་གྲོས་ཞིབ་བྱས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།