མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྔོན་ཐོན་ཚོགས་པ18དང་སྔོན་ཐོན་མི་སྒེར་73ལ་གཟེངས་སྟོད་བྱ་རྒྱུའི་བརྡ་ཁྱབ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན་མཚོ་སྔོན་ཞིང་ཆེན་སྤྱིི་བདེ་ཐིན་གྱིས་བརྡ་ཁྱབ་བཏང་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་བྱས་རྗེས་འབུར་ཐོན་ཅན་གྱི་སྔོན་ཐོན་ཚོགས་པ18དང་སྔོན་ཐོན་མི་སྒེར73ལ་གཟེངས་བསྟོད་བྱ་རྒྱུར་གཏན་འབེབས་བྱས།

མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམ་པ་དང་པོའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྤེལ་བ་ནས་བཟུང་།  ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་མི་དམངས་ཉེན་རྟོག་པ།  ཉེན་རྟོག་ལས་རོགས་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གྱི་གཅིག་གྱུར་འགོ་ཁྲིད་ཀྱི་བཀོད་འདོམས་རང་རྟོགས་ངང་དང་ལེན་བྱས་པ་དང་།  གཟབ་ནན་སྒོས་ཞིང་ཆེན་སྤྱི་བདེ་ཐིན་ཏང་ཨུའི་“ཟུང་འབྲེལ་དྲུག”གི་བྱ་བའི་རེ་བ་དོན་འཁྱོལ་བྱས་ནས།  སྤྱི་བདེ་ལས་ཁུངས་ཀྱི་གཙོ་གནད་ལས་འགན་དང་འགན་འཁྲིར་ཟུང་འབྲེལ་དམ་ཟབ་བྱས་ཏེ།  ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ནང་ཞུགས་པ་དང་།  ལས་དོན་ཁག་ནུས་ལྡན་ངང་གོ་རིམ་ཡོད་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་རྒྱུན་མཐུད་ངང་བདེ་འཇགས་བརྟན་བརླིང་ཡོང་བར་ཁག་ཐེག་བྱས་པ་རེད།

སྔོན་ཐོན་ལ་གཟེངས་བསྟོད་དང་སྙིང་སྟོབས་དར་སྤེལ་དུ་གཏོང་ཆེད།  སྤྱི་བདེ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ལྟེ་གནས་ག་གེ་མོ་དང་།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་རུ་ཁག་སོགས་སྔོན་ཐོན་ཚོགས་པ18དང་།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁའ་ཤར་ཡན་ལག་ཅུའུ་བརྒྱད་གཅིག་ལམ་མངགས་གཏོང་ཁང་གི་རིམ་པ་དང་པོའི་ཉེན་རྟོག་དཔོན་ཀྲང་ལི་གོ་དང་།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་དབུས་ཡན་ལག་ཅུའུ་ཆབ་སྲིད་ལས་དོན་ལྟ་སྐུལ་ཁང་གི་རིམ་པ་གསུམ་པའི་ཉེན་རྟོག་དཔོན་ཏོའུ་ཐེང་ཧྥེ་སོགས་སྔོན་ཐོན་མི་སྣ་73ལ་གཟེངས་བསྟོད་བྱ་རྒྱུའི་ཐག་གཅོད་བྱས་པ་རེད།  །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།