མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང་13པ)

ཏང་ཀྲུང་དབྱང་གི“གཙོ་གནད་འབུར་ཐོན་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རིགས་དབྱེ་མཛུབ་སྟོན། ཁུལ་བགོས་ཇུས་བསྟར”བཅས་ཀྱི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་གྱིས་དུས་རིམ་སྔོན་མའི་ནང་ཁྲིམས་མཐུན་དང་། ཚན་རིག་དང་མཐུན་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་སྒྲུབ་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་དེ“ཉེན་ཁ་ཆུང་བའི་ཁུལ”དུ་དབྱེ་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་གྱི་རིམ་དབྱེ་གནད་སྨིན་ཇུས་བསྟར་ལས་དོན་ཇུས་གཞི》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ཟུང་འབྲེལ་བྱས་པ་དང་འབྲེལ་ཏེ་ཆེད་མཁས་པས་ཕྱོགས་ཡོངས་ནས་དཔྱད་དཔོག་བརྡར་གཅོད་བྱས་པ་བརྒྱུད། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ2པའི་ཚེས25ཉིན་གྱི་ཆུ་ཚོད24ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་། མཁར་བྱང་ཁུལ། ཧོང་ཀྲུང་ཁུལ་བཅས་དང་མཚོ་བྱང་ཁུལ་མུན་ཡོན་རྫོང་བཅས་རྫོང་ཁུལ4གཙོ་གནད་སྔོན་འགོག་ཚོད་འཛིན་མིན་པའི་ས་ཁུལ་དུ་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་མིན་པའི་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་དང་། ཏ་ཐུང་རྫོང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཁུལ་དང་། ཕེན་ཨན་ཁུལ། ཧུའུ་ཀྲུའུ་རྫོང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་། མགོ་ལོག་ཁུལ་རྨ་ཆེན་རྫོང་། རྨ་ལྷོ་ཁུལ་རེབ་གོང་རྫོང་སོགས་རྫོང(གྲོང་ཁྱེར་དང་གྲོང་ཁྱེར)8སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ་དུ་ལེགས་སྒྲིག་བྱས་པ་རེད།

ད་ཐེངས་ཀྱི་སྔོན་འགོག་ཚོད་འཛིན་ས་ཁུལ་ལེགས་སྒྲིག་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་མེད་པར་བཟོས་པ་དང་། གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ས་ཁུལ12དང་། སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ས་ཁུལ33བཅས་ཡོད་པ་རེད། ས་གནས་ཁག་གིས་དུས་བསྟུན་འགུལ་རྣམ་ལེགས་སྒྲིག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁུལ་བགོས་རིམ་དབྱེ་དང་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་དུ་ལེགས་པར་བསྒྲུབ་དགོས་ཤིང་། མཐའ་གཅིག་ཏུ་རྒྱལ་ཁ་མ་ཐོབ་བར་ཏུ་གྲུབ་འབྲས་བླངས་ཟིན་པར་གཏན་ནས་མི་བརྗོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ་2པའི་ཚེས་25ཉིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།