ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ལིག་ཉིང་གིས་གཙོ་སྐྱོང་འོག་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་ངང་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་ཏོག་གསར་གློ་ཚད་ལ་ཁ་གཏད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་ལས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་གནང་།
ཚོགས་འདུས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་གནས་དང་ཐོན་སྐྱེད་བསྐྱར་དུ་འགོ་ཚུགས་པའི་འགག་རྩའི་དུས་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཚོགས་འདུ་བསྡུས་ནས་རིམས་ནད་གནས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་བཀོད་སྒྲིག་གནང་སྟེ། ཏང་གི་འགོ་ཁྲིད་དང་འགོ་ཁྲིད་ལས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ནས་ང་ཚོས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་། གཙོ་གནད་གསལ་འབྱེད། གཞི་འཛིན་ས་མཁོ་འདོན་བཅས་བྱས་ཡོད། རིམས་ནད་བྱུང་བ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་གནས་ཚུལ་ལ་དོ་ཁུར་གནང་ནས་སྐུ་དངོས་ཀྱིས་བཀོད་འདོམས་དང་བཀོད་སྒྲིག་བྱས་ཏེ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཡོད་པས་ང་ཚོར་མཐའ་མའི་རྒྱལ་ཁ་ཐོབ་ངེས་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་ཐུབ་ཡོད། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱ་ལག་བསྟར་ཡག་པོ་བཅས་བྱེད་དགོས།
ཚོགས་འདུས་ནན་གྱིས་བསྟན་དོན། བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞི་ཞན་པ་དང་། ངལ་ནུས་ཕྱི་ཕྱོགས་ལ་བརྟེན་ཚད་མཐོ་བ། རིམས་ནད་ནང་འདྲེན་གྱི་ཉེན་ཁ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་སོགས་ཀྱི་དོན་དངོས་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཏེ“སྔོན་འགོག་གཉིས”མགོ་མཇུག་བར་གསུམ་དུ་གནས་བབ་གལ་ཆེན་ཐོག་བཞག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལྷོད་གཡེང་སྤུ་ཙམ་མེད་པར་ནན་འཛིན་ཡག་པོ་བྱེད་དགོས། སྲིད་ཕྱོད་ཆེ་བའི་བསམ་གཞིག་ལ་བརྟེན་ནས་སྲིད་ཕྱོད་ཆུང་བའི་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་དྲ་མིག་ཅན་གྱི་དོ་དམ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་སྡེ་ཁུལ་དང་། གྲོང་སྡེ། བཟོ་ཁུལ། གླིང་ཁུལ། ཚོང་ཁུལ། གཞུང་ལས་ཁུལ་སོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་། གཟུགས་པོའི་དྲོད་ཚད་ཞིབ་དཔྱད་དང་། མི་སྣ་འདེམས་བཤེར། གཅིག་འདུ་མི་བྱེད་པ། ཉལ་ཁང་དང་ཟ་ཁང་གི་དོ་དམ་སོགས་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་སྨན་བཅོས་སྲོག་སྐྱོབ་དང་། དངོས་ཟོག་འགན་ལེན། སྨན་དོན་མི་སྣར་གཅེས་སྐྱོང་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། ཉེ་དུས་ས་གནས་ཁ་ཤས་སུ་ཚོགས་སྤྱི་རང་བཞིན་གྱི་རིམས་ནད་བྱུང་བར་ཉེན་བརྡ་གཏོང་བ་དང་། ཞན་ཆ་ཁ་གསབ་དང་སྐྱོན་ཆ་འགོག་པ། ལྷོད་གཡེང་དང་བསྐྱར་ལོག་སྔོན་འགོག་བཅས་བྱས་ནས་ཚན་རིག་དང་མཐུན་པའི་འགོག་བཅོས་དང་། གནད་སྨིན་ཇུས་འདོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་། ཏང་ཙུའི་ཁོངས་མི་ཡན་ཅིན་ཧའེ། ཝང་ལིས་མིང་། དབྱང་ཧྥུང་ཁྲུན། ཝང་ཀྲེང་ཧྲེང་། ཐེན་ཅིན་ཁྲེང་། ཀྲང་ལིས། ལིའུ་ཐའོ། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཕེབས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཟུར་ཞུགས་གནང་། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་