ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཞིབ་བཤེར་ཚོ་ཆུང་བརྒྱད་བཙུགས་ནས་མེ་འགོག་དང་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་སྔོན་འགོག་ཚོད་འཛིན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཡོངས་ནས་རིམས་ནད་གནས་བབ་ལ་ཁ་གཏད་འཇལ་བ་དང་བདེ་འཇགས་ཉེན་ཁའི་སྔོན་འགོག་བྱ་བ་ལེགས་པོར་བསྒྲུབ་ཆེད།  མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ལྟ་སྐུལ་སློབ་སྟོན་ཚོ་ཆུང་བརྒྱད་བཙུགས་སྟེ་ཟླ་2པའི་ཚེས་18ཉིན་ནས་ཟླ་5བའི་ཚེས་31ཉིན་བར་ཞིིང་ཆེན་ཡོངས་ཀྱི་ནང་ཁུལ་དུ་ཟླ་གསུམ་ལྷག་ཙམ་གྱི་རིང་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་།  རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཆེད་དོན་ལྟ་སྐུལ་སློབ་སྟོན་བྱས་ནས།  ནགས་ཚལ་དང་རྩྭ་ཐང་།  རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་ནུས་ལྡན་ངང་སྲུང་སྐྱོང་བྱས་ཡོད།

རྒྱུས་ལོན་པ་ལྟར་ན།  ལྟ་ཞིབ་ཀྱི་ནང་དོན་གཙོ་བོ་ནི་མེ་འགོག་འགན་འཁྲི་དང་མེ་འགོག་དྲིལ་བསྒྲགས་སློབ་གསོ།  མེ་ཁུངས་དོ་དམ་དང་ཚོད་འཛིན་བྱེད་ཐབས།  འགྲོ་གྲོན་གཏོང་ཤུགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།  འཕྲལ་སྡོམ་ལམ་སྲོལ་འཛུགས་སྐྲུན།  དཔུང་སྡེ་འཛུགས་སྐྲུན་དང་དངོས་རྫས་གསོག་འཇོག  གྱོད་དོན་རྩད་གཅོད་དང་འགན་འཁྲི་རྩད་གཅོད།  ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཡིག་ཚགས་འཛུགས་སྐྲུན་སོགས་ཕྱོགས་བརྒྱད་ནས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད། 

ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བའི་ངོ་སྤྲོད་བྱས་པར་གཞིགས་ན།  ཐེངས་འདིའི་ཞིབ་བཤེར་བྱས་པ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལངས་ཏེ།  ལམ་ལུགས་དོ་དམ་དང་ལས་རེས་སྲུང་བ།  མཉམ་འབྲེལ་ཚོད་འཛིན།  ལྟ་སྐུལ་ཞིབ་བཤེར།  དྲིལ་བསྒྲགས་ཁྲིད་སྟོན།  མེ་སྐྱོན་ཐག་གཅོད་བཅས་“ཆེར་གཏོང་དྲུག” གི་ལས་དོན་སྤེལ་ནས་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱས་ནས་འགག་རྩའི་དུས་ཚོད་དང་།  འགག་རྩའི་ས་ཁུལ།  འགག་རྩའི་མི་སྣ།  འགག་རྩའི་ལྷུ་ཚུགས་བཅས་རིམ་པ་སོ་སོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་སྔོན་འགོག་ཚོད་འཛིན་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་ཡག་པོ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།