ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བའི་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བའི་སྟེང་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱེད་པ། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། གྲུབ་འབྲས་ཐོབ་པའི་ཉམས་མྱོང་བཀོལ་སྤྱོད་བྱེད་པ། གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་ཧུར་བརྩོན་རང་བཞིན་བསྡུ་འགུགས་གང་ལེགས་བྱེད་པ། ཡུལ་བབ་དང་བསྟུན་པ་དང་སྤུས་ཚད་དང་གྲངས་འབོར་མཉམ་འཛིན་བྱ་རྒྱུར་མཐོང་ཆེན་བཅས་བྱས་ནས། ལོ་མཇུག་ཏུ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་མངོན་འགྱུར་བྱས་ནས། ཁྱོན་ཡོངས་ཁེབས་པར་བྱེད་པ་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ལས་རིམ་པ་བཞིན་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་། ལོ་ཧྲིལ་བོའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ནས། ཐུན་མོང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་དུ་མ་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཁ་གསབ་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས་ཞེས་པ། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་སྡེ་བར་རོགས་སྐྱོར་དང་སྟོབས་ཆེར་གཏོང་བའི་མིང་ཐོ་ཞེས་པ། མཚོ་སྔོན་ཞིང་ཆེན་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩའི་འཁོར་སྐྱོད་ཇུས་གཞི་ཞེས་པ་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད། རྩ་དོན་ལྟར་གྲོས་འཆམ།

ལིག་ཉིང་གིས་བསྟན་དོན། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས། བཟོ་སྐྲུན་ལས་གཞི་འདི་ཉིད་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་རྒྱུ་དང་། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གོ་གནས་སྔར་ལས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འགན་འཁྲི་ཇེ་དམ་དུ་གཏོང་བ། མ་དངུལ་མང་དུ་གཏོང་བ། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ། སྲིད་ཇུས་ཀྱི་རོགས་སྐྱོར་བཅས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི91.3%ལ་ཐུན་མོང་དཔལ་འབྱོར་ཡོད་པ་མངོན་དུ་འགྱུར་བར་འབད་དགོས། གྲུབ་འབྲས་ལས་སླ་མོའི་ངང་ཐོབ་པ་མིན་ནའང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱེད་དགོས་ཟེར།

ལིག་ཉིང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་འབྲེལ་བ་ཡོད་པར་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་རྒྱུ་དང་འབྲེལ་བ་ཡོད། དུས་བཅད་ལྟར་མེད་པ་ནས་ཡོད་པར་བྱེད་པ་དང་། གྲངས་སྤུས་འབོར་ཚད་མཉམ་འཛིན་བྱེད་པ། འཆར་འགོད་སྔོན་ལ་ལག་བསྟར་དང་བརྟན་པོའི་ངང་སྐུལ་སྤེལ་གཏོང་རྒྱུ་ཟུང་འབྲེལ་བྱེད་པ། འཕར་སྣོན་བརྟན་པོ་དང་ཉེན་ཁ་སྔོན་འགོག་མཉམ་འཛིན་བྱེད་པ། ཐུན་མོང་ཕྱུག་པོ་དང་མི་སྒེར་ཕྱུག་པོ་ཕན་ཚུན་ལྟ་རྟོག་བཅས་བྱ་རྒྱུར་དོ་སྣང་བྱས་ཏེ། གཞུང་དང་སྒེར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ལས་བྱེད་པས་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི། ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་མཐུན་སྦྱོར་དང་སྐུལ་འདེད། ཇུས་འགོད། རྒྱབ་སྐྱོར་བཅས་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་དང་། རྒྱ་ཆེའི་རོང་འབྲོག་མི་དམངས་དང་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་སྐོང་འཐེན་དང་གོང་བུ་གཅིག་ཏུ་བསྒྲིལ་ནས། ཉེན་ཁ་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད་ཀྱི་གཅིག་འདུས་ཕུང་བོ་ཞིག་གྲུབ་པར་བྱེད་དགོས་ཟེར།

ལིག་ཉིང་གིས་བླང་བྱ་བཏོན་དོན། ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱེད་པ། ངར་ཤུགས་གཅིག་སྒྲིམ་བྱེད་པ།ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པ། དབུལ་ཐར་མཁྲེགས་གཏོར་གྱི་་དམག་འཐབ་རྒྱག་པ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་པ་དང་། གནད་དང་ངོས་ཟུང་འབྲེལ་བྱེད་པ། སྟོབས་ཆེན་ལ་བརྟེན་ནས་ཉམས་ཞན་ལ་སྐུལ་ཁྲིད་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། ཐོན་ལས་ལས་གཞི་དོན་འཁྱོལ་དང་། ཆེས་ལེགས་པ་དང་བདེན་དངོས་ལ་གཞོལ་བའི་འཆར་འགོད་བཟོ་བ། འཕེལ་རྒྱས་གཏོང་སྟངས་སྒྱུར་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་དང་དཔལ་འབྱོར་གྱི་རྣམ་པ་བཞིའི་སྣེ་ཁྲིད་ལ་དམིགས་ནས། ཐོན་ལས་གསུམ་གྱི་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གནད་འཁེལ་ཤུགས་འདོན་དང་བྱེད་ཐབས་དོན་འཁྱོལ་བྱེད་པ། ཐོན་ཁུངས་སྣ་མང་བེད་སྤྱོད་ཡག་པོ་བྱེད་པ། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། བབ་བསྟུན་མཐོང་ཆེན་བཅས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བའི་དམག་འཐབ་དྲག་པོ་དེ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཟེར།

ཐེངས་འདིའི་གྲོས་ཚོགས་ནི་བརྙན་རིས་ཀྱི་ལམ་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་བཅས་ཚོགས་འདུར་ཞུགས་ནས་བླང་བྱ་ཞིབ་ཕྲ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།