ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་དང་། ཁྱིམ་ཆུང་དོར་ནས་མི་ཚང་མའི་ཆེད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་འཐབ་ས་དང་པོར་གདོང་མཆོང་དང་མདུན་ཕྱོགས་སུ་འབད་འཐབ་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་བློ་ལ་བབ་པ་དང་བསྔགས་བརྗོད་ཐོབ་མོད། འོན་ཀྱང་ཏང་ཡོན་དང་ལས་བྱེད་པ་འགའ་ལ་སྤྱི་ཡོངས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་འཛིན་ཤུགས་ཆེན་པོ་མེད་པས་རིམས་འགོག་ལས་དོན་གྱི་སྒྲིག་ཁྲིམས་དང་འགལ་ཡོད། ད་ལྟ་གནད་དོན4བརྡ་ཁྱབ་གཏོང་བ་གཤམ་གསལ།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡོམ་འགོག་རྒོལ་ཅུས་ཀྱི་ལས་བྱེད་པ་ལི་ཁྲོན་མིང་དང་། ཞུའེ་ཧྲའོ་ཧྭ། པད་མ་ཚེ་རིང་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་གཞིས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་གཏན་ནས་མི་བྱེད་པའི་གནད་དོན་ཐག་གཅོད་བྱས། ཟླ2ཚེས10ཉིན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡོམ་འགོག་རྒོལ་ཅུས་ཀྱི་ལས་བྱེད་པ་ལི་ཁྲོན་མིང་དང་། ཞུའེ་ཧྲའོ་ཧྭ། པད་མ་ཚེ་རིང་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་འདུ་འཛོམས་བྱས་ནས་ཆང་འཐུང་བ་དང་། ཞུའེ་ཧྲའོ་ཧྭ་དང་པད་མ་ཚེ་རིང་གིས་ཆང་རག་བཏུངས་མེད་པའི་གནས་ཚུལ་འོག་གཞིས་ཁུལ་གྱི་ལས་དོན་མི་སྣ་དང་རྩོད་པ་བརྒྱབ་པ་མ་ཟད། སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་རིང་རྣམ་འགྱུར་མི་ལེགས་པ་མ་ཟད། མི་དམངས་ཉེན་རྟོག་པའི་ཁྲིམས་བསྟར་འགོག་རྐྱེན་ཐེངས་མང་བཟོས་ནས་ཤུགས་རྐྱེན་ངན་པ་བཟོས་པ་རེད། པད་མ་ཚེ་རིང་དང་ཞུའེ་ཧྲའོ་ཧྭ་གཉིས་ལ་སྲིད་འཛིན་བཀག་ཉར་གྱི་ཆད་པ་ཕོག་པ་དང་། ལི་ཁྲོན་མིང་དང་ཞུའེ་ཧྲའོ་ཧྭ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་བསྒྲགས་པ་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་པ་དང་འབྲེལ་ཁྲིམས་འཛིན་ལས་གནས་ནས་ལས་སྒྱུར་བྱས་པ་དང་། པད་མ་ཚེ་རིང་ལ་སྲིད་དོན་གནས་དབྱུང་གི་ཆད་པ་བཅད།
ཟི་ལིང་གྲོང་ཁྱེར་ཙོང་ཁ་ཁུལ་ལི་ཅ་ཧྲན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ནུས་ལྡན་མེད་པའི་གནད་དོན་དོན་འཁྱོལ་བྱས་པ།
ཟླ་1ཚེས་19ཉིན་དང་ཚེས་25ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཁུལ་ལི་ཅ་ཧྲན་གྲོང་རྡལ་དང་ཧན་ཧྲུའེ་ཀོའུ་ལས་དོན་མི་སྣས་ཐེངས་གཉིས་ལ་ཝའུ་ཧན་ནས་ཁྱིམ་དུ་ལོག་པའི་མི་རྩད་གཅོད་བྱས་པའི་བྱ་བའི་ཁྲོད། ཝུའུ་ཧན་ནས་ལོག་པའི་ནད་པ་གྱུའུ་ཆེ་གེ་མོ་ཁྱིམ་དུ་ལོག་པའི་གནས་ཚུལ་དུས་ལྟར་མ་ཤེས་པས་ཉེན་ཁ་ཆེན་པོ་བཟོས་པ་རེད། ཧོང་ཀྲུང་ཁུལ་ལི་ཅ་ཧྲན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་འཛིན་ཡིན་པའི་ཆ་ནས་བྱ་ཐབས་ནུས་ལྡན་མེད་པའི་གནད་དོན་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་རེད། ལི་ཅ་ཧྲན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅུན་དང་ཀྲེན་ཀྲང་ན་ཤིན་ཚང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་ཀྲེན་ཀྲང་གཞོན་པ་མཱ་ཡན་ཕིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། ཧན་ཧྲུའེ་ཀོའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲོའུ་ཝུན་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མཱ་ཡུང་ཧུའུ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་ལས་བྱེད་པ་ཚེ་རིང་རྒྱལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་སྒྲིག་འགལ་ངང་འདུས་ནས་ཆང་རག་བཏུངས་ནས་ཁུལ་ཆུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་རེས་ས་ཚིགས་སུ་གཏོར་བརླག་བྱ་པའི་གནད་དོན་ཐག་གཅོད་བྱས་པ་རེད། ཟླ2ཚེས11ཉིན་ཏུའུ་ལན་རྫོང་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་ལས་བྱེད་པ་ཚེ་རིང་རྒྱལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རྫོང་སྲིད་གཞུང་གཞུང་དོན་ཁང་གི་ཁ་ལོ་བ་ཅིན་པའོ་ཡི་ཁྱིམ་དུ་འཛོམས་ནས་ཆང་འཐུང་བ་མ་ཟད། ཁ་རས་མ་བཏགས་པའི་གནས་ཚུལ་འོག་ཆང་རག་བཏུངས་རྗེས་སྒེར་འཁོར་བཏང་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ་ཁུལ་ཆུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་རེས་ས་ཚིགས་སུ་བསྐྱོད་དེ་ལས་རེས་ས་ཚིགས་ཀྱི་ལས་དོན་མི་སྣར་ཁ་རྡུང་བཏང་བ་རེད། ཚེ་རིང་རྒྱལ་ལ་སྲིད་འཛིན་བཀག་ཉར་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བཀག་ཉར་བྱེད་པ། དངུལ་ཆད་གཅོད་པ་བཅས་ཀྱི་ཆད་པ་ཕོག་པ་དང་ཏང་ནང་བཞག་ནས་ལོ་གཉིས་ལྟ་ཞིབ་དང་སྲིད་དོན་གནས་དབྱུང་གི་ཆད་པ་ཕོག་པ། ཅིན་པའོ་ལ་སྲིད་དོན་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་མཐུན་སྒྲིལ་ལམ་བྱང་སྡེ་ཁུལ་གྱི་ལས་རེས་མི་སྣ་རིན་ཆེན་ཚེ་རིང་དང་། ན་སེར་སྒྲོལ་མ། ཆོས་རྒྱལ་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་མི་བདེན་རྫུན་སྒྲིག་གི་གནད་དོན་ཐག་གཅོད་བྱས་པ་རེད། ཟླ1ཚེས27ཉིན་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་མཐུན་སྒྲིལ་ལམ་བྱང་སྡེ་ཁུལ་གྱི་ལས་རེས་མི་སྣ་རིན་ཆེན་ཚེ་རིང་དང་། ན་སེར་སྒྲོལ་མ། ཆོས་རྒྱལ་བཅས་མི་གསུམ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ངོས་འཛིན་བྱ་རྒྱུ་མི་འདང་བ་དང་དུད་ཚང་དུ་བསྐྱོད་དེ་བརྟག་དཔྱད་བྱས་པ་དང་འབྲེལ་ལས་ཀའི་རྩིས་ཐོ་རྫུན་མ་མཁོ་འདོན་བྱས་ཡོད། རིན་ཆེན་ཚེ་རིང་དང་རྣམ་སྲས་སྒྲོལ་མར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་ཆོས་རྒྱལ་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་རེད།
གོང་གི་གནད་དོན་བཞིའི་ཁྲོད་ཏང་ཡོན་དང་ལས་བྱེད་པ་ལ་ལས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རིང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མེད་པ་དང་ཆ་ཚང་པོ་མེད་པ་དང་། ལ་ལས་མི་མང་མཉམ་རུབ་ཀྱིས་ཁ་ལག་ཟ་བ། ལ་ལས་ལས་ཚིགས་ཀྱི་རྒྱུན་གཏན་བཞིན་ཞིབ་བཤེར་བྱ་བར་གཞོགས་འདེགས་མི་བྱེད་པ་བཅས་ལས་ཏང་ཡོན་དང་ལས་བྱེད་པ་ལ་ལའི་སྒྲིག་ཁྲིམས་སྒྲིག་ལམ་གྱི་འདུ་ཤེས་ཞན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ངོས་འཛིན་གསལ་པོ་མེད་པ་དང་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་མི་འདང་བ་གང་ལེགས་མཚོན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞིབ་ཕྲའི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་དང་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས་པ་མ་ཟད། ཏང་ཡོན་དང་ལས་བྱེད་པར་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་མེ་ཆུང་ཆུང་སྔོན་ནས་བསོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་སྔ་ཙམ་བརྡ་གཏོང་བ་དང་དྲན་སྐུལ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་། གཅིག་གྱུར་བཀོད་འདོམས། གཅིག་གྱུར་བཀོད་སྒྲིག་བཅས་ཀྱི་འོག་ཚན་རིག་དང་མཐུན་ལ་གནད་སྨིན་དང་། བརྟན་ལྷིང་། ནུས་ལྡན་བཅས་ཀྱི་སྒོ་ནས་ལྟ་སྐུལ་ལག་བསྟར་བྱེད་པ་དང་། གནད་སྨིན་ངང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྡུང་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ལྟ་སྐུལ་འགན་ལེན་བྱེད་དགོས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།
2020ལོའི་ཟླ་2ཚེས་20ཉིན།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་གྱི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན4ཡི་བརྡ་ཁྱབ།