དེ་རིང་སྔ་དྲོར་ནད་པ་2སྨན་ཁང་ལས་བུད་པས་མཚོ་སྔོན་གྱི་ཏོག་གསར་གློ་ཚད་ནད་པ18ཚང་མ་སངས་དྲག་བྱུང་ཡོད་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས་21ཉིན་གྱི་སྔ་དྲོའི་དུས་ཚོད10དང་སྐར་མ2སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ2ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་ཕྱིར་བུད་པ་རེད། དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་སྨན་བཅོས་བྱེད་བཞིན་པའི་ཏོག་གསར་གློ་ཚད་ནད་པ15ཚང་མ་སྨན་བཅོས་བྱས་པ་བརྒྱུད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད། འདིའི་ཡར་སྔོན་དུ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ནས་བུད་པའི་ཏོག་གསར་ནད་པ་གསུམ་སྨན་ཁང་ལས་བུད་པ་ཡིས་མཚོ་སྔོན་གྱི་་ཏོག་གསར་གློ་ཚད་ནད་པ་18ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པ་མཚོན་ཡོད།

ཐེངས་འདིར་སྨན་ཁང་ལས་བུད་པའི་ནད་པ2ནི་སོ་སོར་ཟླ2པའི་ཚེས2ཉིན་དང་ཟླ2པའི་ཚེས4ཉིནལ་སྨན་ཁང་དུ་བསྡད་དེ་ཉིན་དེར་ནད་གཞི་ཐག་བཅད་པ་ཡིན་ལ། སྤྱིར་བཏང་གི་ནད་པ་ནས་ཉེན་ཁ་ཆེ་བའི་ནད་དཔེར་ངོས་འཛིན་བྱས་ཡོད། ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་པས་ཐེངས་མང་པོར་བརྟག་དཔྱད་བྱས་པ་བརྒྱུད། སྨན་བཅོས་བྱེད་ཐབས་ལེགས་བཅོས་བཏང་སྟེ་ཀྲུང་ཕྱི་ལུགས་ཟུང་འབྲེལ་གྱིས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས། སྨན་བཅོས་མི་སྣས་ནན་ཏན་གྱིས་གསོ་བཅོས་བྱེད་ཐབས་དངོས་འབེབས་དང་ནད་པའི་སེམས་ཁམས་ལ་མཛུབ་ཁྲིད། བློ་སེམས་ཞིབ་མོས་བདག་སྐྱོང་བྱས་ཏེ། ཉིན་20རིང་ཐུན་མོང་གི་འབད་བརྩོན་འོག་དེ་རིང་སངས་དྲག་ཏུ་གྱུར་ནས་སྨན་ཁང་ལས་བུད། 

རྒྱལ་ཁབ་ཀྱི་《ཏོག་གསར་གློ་ཚད་ནད་པའི་བརྟག་བཤེར་དང་གསོ་བཅོས་བྱེད་ཐབས(ཚོད་ལྟའི་པར་གཞི་དྲུག་པ)ཀྱི་ཚད་གཞི་གཞིགས་ཏེ། ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་པས་དཔྱད་འཇོག་བྱས་པ་བརྒྱུད་སྨན་ཁང་ལས་ཕྱིར་འབུད་པའི་ཚད་གཞིར་མཐུན་པ་རེད། ནད་པ་འདི་གཉིས་སྨན་ཁང་ལས་བུད་རྗེས་ས་གནས་དེ་གའི་སྨན་བཅོས་ལས་ཁུངས་ཀྱིས་ལྟ་རྟོག་འོག མུ་མཐུད་དུ་ཉིན་14ལ་རང་ཁྱིམ་ནས་ལོགས་བཀར་བརྟག་བཤེར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།