ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་རིམས་ནད་སྔོན་འགོག་དང་རིམས་ནད་དམག་འཐབ་ཁྲོད་ཀྱི་འགན་འཁྲི་གཙོ་བོ་ཏན་ཏིག་གིས་སྒྲུབ་ཆེད། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱིས2019ལོའི་དམིགས་ཚད་འགན་འཁྲིའི(ལས་འབྲས)དཔྱད་ཞིབ་ཀྱི་ནང་དོན་དང་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་རམ་འདེགས་བྱས་པ་རེད།
དཔྱད་ཞིབ་གཙོ་གནད་ཁ་གསལ་དང་། ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པ་དམག་འཐབ་ནང་ཧུར་ཐག་གིས་ཞུགས་རྒྱུར་སྐུལ་སློང་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་རིམས་ནད་འགོག་སྲུང་ལས་དོན་ཁྲོད་ཀྱི་དོན་དངོས་ཀྱི་སྤྱོད་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཤིང་། 2019ལོའི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཁྲོད་དུ“འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་རིམས་ནད་འགོག་སྲུང་ལས་དོན་ཁྲོད་ཀྱི་དོན་དངོས་སྤྱོད་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པའི”ནང་དོན་གསར་སྣོན་བྱས། ཡུལ་དངོས་སུ་དཔྱད་ཞིབ་བྱེད་པའི་ལྷུ་ཚིགས་དེ་དཔྱད་ཞིབ་ཚོགས་ཆུང་གིས་མི་རེ་རེར་གླེང་མོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་རིམས་ནད་འགོག་སྲུང་འཐབ་རྩོད་ཁྲོད་ཀྱི་དོན་དངོས་སྤྱོད་ཚུལ་གཙོ་གནད་ཐོག་ཤེས་རྟོགས་བྱེད་དགོས། དེའི་ནང་ཕུལ་བྱུང་དང་ཞན་ཙམ་གྱི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་མིང་ཐོ་དེ་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་དུས་རྒྱུན་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་ཤེས་རྟོགས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན། དུས་མཚུངས་སུ་རིམས་ནད་འགོག་སྲུང་ལས་དོན་དེ2020ལོའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་དམིགས་ཚད་འགན་འཁྲིའི(ལས་འབྲས)དཔྱད་ཞིབ་དམིགས་ཚད་མ་ལག་ནང་བཅུག་སྟེ་འགོ་ཁྲིད་ཚན་ཁག་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་། རིམས་ནད་འགོག་སྲུང་བྱ་བའི་ནུས་པ་དང་ཆུ་ཚད་གཙོ་གནད་ཐོག་ཤེས་རྟོགས་བྱས་ནས་འགོ་ཁྲིད་ལས་བྱེད་པའི་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ཁྲོད་དཔའ་ངར་ཆེར་བསྐྱེད་ཀྱིས་འབད་འཐབ་བྱེད་པ་དང་ལས་དོན་ཏན་ཏིག་སྒྲུབ་པའི་དངོས་ཡོད་ཀྱི་སྤྱོད་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་དགོས།
དཔྱད་ཞིབ་བྱེད་སྟངས་ལེགས་སྒྲིག་དང་དཔྱད་ཞིབ་ལྷུ་ཚིགས་ཁུ་བསྡུ་བྱས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་ལས་དོན་ཡག་པོར་སྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་ལས་དོན་དང་རིམས་ནད་འགོག་སྲུང་ཕྱོགས་གཉིས་ཀ་ནན་འཛིན་དང་། གཉིས་ཀ་མི་ནོར་བ། གཉིས་ཀར་སྐུལ་འདེད་བཅས་ལ་འགན་ལེན་བྱ་ཆེད། 2019ལོའི་དཔྱད་ཞིབ་ལས་དོན་ཇེ་ལེགས་སུ་གཏོང་རྒྱུར་ཕྱོགས་གསུམ་ནས་གཙིགས་སུ་བཟུང་ཡོད་པ་སྟེ། གཅིག་ནས་དཔྱད་ཞིབ་ཀྱི་གོ་རིམ་ཉུང་འཕྲི་ཚུལ་མཐུན་བྱས་ནས། མི་སྣ་གཅིག་འདུས་མི་བྱེད་ཅིང་རིམས་ནད་འགོག་སྲུང་ལས་དོན་གྱི་དགོས་མཁོར་ཟུང་འབྲེལ་བྱས་ཏེ་རིམས་ནད་འགོག་སྲུང་ལས་འགན་ཅུང་ལྕི་བའི་ས་ཁུལ་དུ་དཔྱད་ཞིབ་ཚོགས་ཆེན་མི་འཚོགས་པར། དེ་སྔོན་གཏན་འཁེལ་བྱས་པའི་ཚོགས་ཆེན་གྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ལས་དོན་ལ་ལེགས་སྒྲིག་འོས་འཚམ་བྱས་ཏེ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་རྩ་གཉིས་ཨང་རྟགས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱ་ཡུལ་ལ་སྤྲད་ནས་མི་སྣ་གཅིག་འདུས་མི་བྱེད་པར་འགན་ལེན་ནུས་ལྡན་བྱེད་དགོས། གཉིས་ནས་འགོ་ཁྲིད་གཙོ་བོས་གོ་གནས་གཞོན་པར་གདེང་འཇོག་བྱེད་པའི་ལས་དོན་སྔ་སྣུར་དུ་སྤེལ་བ་དང་། དེ་སྔའི་དཔྱད་ཞིབ་ཚོགས་ཆུང་ཁག་གིས་ཡུལ་དངོས་སུ་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བ་གཙོ་བོས་སྡེ་ཁག་དེ་གའི་ཞིང་ཆེན་གྱིས་དོ་དམ་ཐིང་རིམ་པའི་ལས་བྱེད་པ་གཞན་དག་ལ་གདེང་འཇོག་བྱེད་པའི་ལས་དོན་སྔོན་ལ་སྤེལ་ནས། སྔ་སྣུར་སྒོས་བརྙན་སྐྱེལ་ལམ་ཡང་ན་སྦྲག་ཐོག་ནས་བསྐུར་བ་སོགས་བརྒྱུད་དེ་ས་གནས་སོ་སོ་དང་སྡེ་ཚན་སོ་སོའི་འགན་འཁུར་བ་གཙོ་བོས་གདེང་འཇོག་བྱ་རྒྱུར་སྐྱེལ་སྤྲོད་བྱས་ཏེ་རིམས་ནད་འགོག་སྲུང་གི་སེམས་ནུས་ཁ་ཐོར་དུ་མི་འགྲོ་བ་བྱེད་དགོས། གསུམ་ནས་གློག་རྡུལ་བརྒྱུད་གཏོང་གིས་ཤོག་ངོས་ཡིག་ཆ་འགྲེམས་སྤེལ་གྱི་ཚབ་བྱས་ནས་ཆ་འཕྲིན་ཅན་གྱི་བྱེད་ཐབས་གང་ལེགས་སྤྱད་དེ་ཉེ་དུས་པར་འགྲེམས་བྱེད་ཉེར་ཡོད་པའི་དཔྱད་ཞིབ་ཇུས་གཞི་དང་དམིགས་ཚད་ལེགས་སྒྲུབ་བྱ་ཚུལ་བརྡ་ཁྱབ་སོགས་ཀྱི་ཡིག་ཆ་ཚང་མ་མཚོ་སྔོན་ཞིང་ཆེན་གྱི་དཔྱད་ཞིབ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་ཁྱབ་བསྒྲགས་བྱེད་པ་ལས་ཤོག་ངོས་ཡིག་ཆ་པར་འགྲེམས་བྱ་རྒྱུ་མིན་པ་བཅས་རེད། ཡུལ་དངོས་ཀྱི་དཔྱད་ཞིབ་ཁྲོད་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་དཔྱད་ཞིབ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དེ་གོང་རིམ་ལ་བརྒྱུད་སྤྲོད་བྱས་པའི་དཔྱད་གཞིའི་ཡིག་རིགས་ལ་དམིགས་སའི་རང་བཞིན་གྱི་ཟུར་བཤེར་ཁོ་ན་བྱེད་དགོས། གལ་ཏེ་ཞིབ་བསྡུར་བྱེད་མི་དགོས་པར་ར་སྤྲོད་བྱུང་ཚེ་བསྐྱར་དུ་ཞིབ་དཔྱད་བྱ་རྒྱུ་མིན། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་གྱིས་དཔྱད་ཞིབ་བྱེད་སྟངས་དང་བྱ་ཐབས་ལེགས་སྒྱུར་བྱས་ནས་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་རམ་འདེགས་བྱས་པ།