དབྱིན་པེ་ཡིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།  སྔ་གཞུག་ཏུ་གཅན་ཚ་རྫོང་དང་ཐུན་རིན་རྫོང་གི་རིམས་ནད་འགོག་སྲུང་ས་ཚིགས་དང་སྡེ་བ།   སྨན་ཁང་།   རང་འདེམ་ཚོང་ཁང་སོགས་སུ་ཟབ་ཞུགས་བྱས་ཏེ་རིམས་ནད་འགོག་སྲུང་དང་ཕྱི་ཡོང་མི་སྣའི་ཞིབ་བཤེར།    ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།     སྲིད་ཁྲིམས་ཁྱབ་ཁོངས་ཀྱི་རིགས་སོ་སོའི་བྱ་བར་སྐུལ་འདེད་གཏོང་བའི་ཐད་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད།      འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣ་དང་གཞི་རིམ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་བྱས།

དབྱིན་པེ་ཡིས་བསྟན་དོན།    རྨ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་བཏང་སྟེ་རིམས་ནད་འགོག་སྲུང་བྱེད་རྒྱུ་དེ་མིག་སྔའི་ཆེས་གལ་ཆེ་བའི་བྱ་བར་བརྩིས་ཏེ་དམ་འཛིན་བྱེད་པ་དང་།      འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།    ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།   སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཕྱོགས་གཅིག་ནས་རིམ་ནད་འགོག་སྲུང་བྱེད་རྒྱུ་དམ་འཛིན་བྱེད་པ་དང་།  ཕྱོགས་གཅིག་ནས་གཏན་འཇགས་དྲུག་གི་བྱ་བ་དམ་འཛིན་བྱེད་པའི་བྱ་བའི་སྐོར་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས་ཟེར།

དབྱིན་པེ་ཡིས་ནན་གྱིས་བསྟན་དོན།     འགོ་ཁྲིད་ཀྱི་འགན་འཁྲི་དང་ས་གནས་ཁོངས་གཏོགས་ཀྱི་འགན་འཁྲི།   བྱ་བའི་འགན་འཁྲི་བཅས་ཇེ་ཞིབ་ཏུ་བཏང་སྟེ་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བཀོལ་ཏེ་རིམས་ནད་འགོག་སྲུང་ཐད་ཀྱི་བྱེད་ཐབས་སོ་སོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བར་མཐོང་ཆེན་བྱེད་དགོས་པ་དང་།      ཁྲིམས་བསྟར་དང་ཁྲིམས་འཛིན།     ཁྲིམས་སྲུང་བཅས་ཀྱི་གནད་འགག་སོ་སོ་ནས་ཤུགས་བཏོན་ཏེ་རིམས་ནད་འགོག་སྲུང་བྱ་བར་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།   རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་དམ་འཛིན་བྱས་ཏེ་ཞང་སྡེ་དར་སྤེལ་འཐབ་ཇུས་དང་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་ལ་སྐུལ་འདེདགཏིང་ཟབ་གཏོང་བ་དང་།    དཔྱིད་འདེབས་གྲ་སྒྲིག་དང་། ཁེ་ལས་དང་ལས་གཞིའི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་སོགས་བྱ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།       དེ་དང་མཉམ་དུ།    སྲིད་ཁྲིམས་ཀྱི་ཕྱོགས་བསྡུས་གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་ནས་ཉེན་ཁ་འགོག་སྲུང་དང་བདེ་འཇགས་སྲུང་སྐྱོབ།      བརྟན་འཐགས་འགན་སྲུང་བཅས་ཐད་ཀྱི་བྱེད་ཐབས་སོ་སོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།   སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་བྱེད་རྒྱུ་དམ་འཛིན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་།    དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གཏིང་ཟབ་ཏུ་སྤེལ་བའི་ཐད་བདེ་འཇགས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།