དེ་རིང་ཕྱི་དྲོར་ཡང་མཚོ་སྔོན་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཅིག་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེ་རིང་ཕྱི་དྲོར་ཡང་མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཅིག་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད། 

ཟླ2པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད14ཡི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་སྨན་བཅོས་དྲག་སྐྱེད་བྱུང་ནས་ཕྱིར་བུད། 

ཟླ1པའི་ཚེས31ཉིན་ནད་པ་འདི་སྨན་ཁང་དུ་བསྡད་ནས་ཉིན18རིང་སྨན་བཅོས་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་《ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(བཟོ་བཅོས་བྱས་པའི་ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ་)》སྨན་ཁང་ནས་བུད་ཆོག་པའི་ཚད་གཞི་དང་མཐུན་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་ཚོགས་ཆུང་གིས་དཔྱད་དཔག་བྱས་པ་བརྒྱུད་སྨན་ཁང་ནས་ཕྱིར་བུད་ཆོག་པར་གཏན་འབེབས་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཐག་བཅད་པའི་ཁྲོད་སྨན་བཅོས་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་འབུད་མཁན་གྱི་ནད་པ15བ་ཡིན་པ་དང་། སྨན་ཁང་ནས་ཕྱིར་བུད་རྗེས་ཉུང་མཐར་ཡང་ཉིན14ལ་ལོགས་སུ་བཀར་ནས་སྨན་བཅོས་ལྟ་ཞིབ་བྱེད་རྒྱུ་རེད། 

མིག་སྔར་མཚོ་སྔོན་གྱིས་ཏོག་གསར་གློ་ཚད་ཐག་བཅད་པའི་ནད་པ18སྙན་སེང་ཞུས་པ་དང་། བསྡོམས་རྩིས་བྱས་ན་ནད་པ15སྨན་བཅོས་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་ཡོད། ད་དུང་ནད་པ3སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་ཁང་དུ་སྡོད་པའི་ནད་པའི་ནད་གཞི་བརྟན་འཇགས་ཡིན་པ་རེད།  །


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།