ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་སྒོར་ཁྲི20ཞལ་འདེབས་ཕུལ་ནས་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རོགས་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ཞིག་ཡིན་པའི་ངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དུས་སྐབས་སུ། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་རེད། ཟླ2པའི་ཚེས4ཉིན་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་རིམས་ནད་ཀྱི་འཕྲལ་སྡོམ་དངུལ་བུན་སྒོར་ཁྲི1500བཏང་རྗེས། ཞིང་ལས་དངུལ་ཁང་གིས་ཟླ2པའི་ཚེས11ཉིན་སླར་ཡང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་མ་དངུལ་སྒོར་ཁྲི20ཞལ་འདེབས་ཕུལ་ནས་ཞིང་ཆེན་ནང་ཁུལ་གྱི་རིགས་སོ་སོའི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རོགས་འདེགས་བྱས་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།