མཚོ་སྔོན་ཞིང་ཆེན་དུ་ཆེས་དབུལ་པོ་གཙང་སེལ་བྱེད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱུང་བ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་བྱ་བའི་གྲོས་ཚོགས་སྟེང་ཤེས་གསལ་ལྟར་ན། 2019ལོའི་ལོ་མཇུག་བར། རང་ཞིང་དུ་ཆེས་དབུལ་པོ་གཙང་སེལ་བྱེད་པའི”དམིགས་འབེན་སྤྱིའི་ཆ་ནས་མངོན་འགྱུར་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ནས་བཟུང་། རང་ཞིང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཁྱོན་ཡོངས་ནས་རྒྱལ་ཁ་མ་ཐོབ་ན། དམག་མི་ཕྱིར་རུ་བསྡུ་མི་སྲིད་པ”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་དང་སྒྲིག་བཟོ་བྱས་ཏེ། ཀྲུང་དབྱང་གི་ཆེད་དམིགས་སྐོར་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན42དང་རྒྱལ་ཁབ་དཔྱད་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན54དག་ཐེར་ལེགས་བཅོས་བྱེད་པའི་འགན་འཁྲི་ཁྱོན་ཡོངས་ནས་འགྲུབ་པར་བྱས། དབུལ་པོ་དབུལ་ནག་དང“3+1”མི་འདང་ས་ཁ་བསྐང་བར་དམིགས་ནས་ཧྲེང་ཀྲང་གྲ་སྒྲིག་དངུལ་གྱི་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར3.27བླངས་ཏེ་བཀོད་སྒྲིག་བྱས་པ་དང་། ལོ་ཧྲིལ་པོར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར62.4བཀོལ་ཞིང་། “སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”དང་དེ་མིན་ད་རུང་ཆུ་གློག་ལམ་གསུམ་གྱི་གནད་དོན་གཙོ་བོ་ཐག་གཅོད་བྱས།

དེ་དང་དུས་མཉམ་དུ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ1622རུ་འོད་ཧྥུ་དབུལ་སྐྱོར་ལས་གཞི་དྲ་སྦྲེལ། གློག་འདོན་བྱས་ནས91.3%སྡེ་བའི་ཐུན་མོང་དཔལ་འབྱོར“མེད་པ་ནས་ཡོད་པའི”དམིགས་འབེན་མངོན་འགྱུར་བྱུང་ལ། “ལྔ་བཅུ་གསུམ”གྱི་སྐབས་སུ། ཁྱིམ་ཚང་ཁྲི5.2ཡི་མི་ཁྲི20ས་གཞན་དུ་གནས་སྤོར་བའི་འཛུགས་སྐྲུན་འགན་འཁྲི་ཁྱོན་ཡོངས་ནས་འགྲུབ་པར་བྱས། ལོ་ཧྲིལ་པོར་དབུལ་ཕོངས་སྡེ་བ170ཡི་དབུལ་ཕོངས་མི་གྲངས་ཁྲི7.7དབུལ་ཕོངས་ལས་ཡོངས་སུ་ཐར་བ་དང་། འཆར་འགོད་དབུལ་ཐར་རྫོང17གྱི་དབུལ་ཕོངས་ཞྭ་མོ་ཡང་བདེ་བླག་ངང་ཕུད་པས། ཞིང་ཆེན་ཡོངས་སུ་ཆེས་དབུལ་གཙང་སེལ་བྱེད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།