མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་ཧུའུ་པེར་བསྐྱོད་པའི་སྨན་བཅོས་རུ་ཁག་གིས་རིམ་རྩིས་བྱས་ན་མི་ཐེངས2000ལྷག་ལ་གསོ་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་ཧུའུ་པེར་བསྐྱོད་པའི་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཆུས་མི་དམངས་སྨན་ཁང་དང་ཤིན་ཀྲོའུ་ཆུས་ཀྲུང་ལུགས་སྨན་ཁང་དུ་སྨན་བཅོས་རོགས་སྐྱོབ་བྱ་བ་སྤེལ་བ་རེད། ཟླ2པའི་ཚེས12ཉིན་བར་དུ། སྨན་བཅོས་རུ་ཁག་གིས་ཉིན་དེར་ནད་པ144ལ་རོགས་སྐྱོབ་སྨན་བཅོས་བྱས་པའི་ནང་ནད་པ་ཡང་མོ120དང་། ནད་པ་དཀྱུས་མ2། ནད་པ་ལྕི་མོ15། ཤི་ཉེན་ཆེ་བའི་ནད་པ5། དོགས་ཡོད་ནད་པ2བཅས་ཡོད་པ་རེད། ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་མེད་ལ། ཚེ་འདས་ནད་པ1ཡོད་པ་རེད།  ནད་གཡོག་ཚོགས་ཆུང་གིས་སྨན་ཁང་དུ་སྡོད་པའི་ནད་པ135ལ་ནད་གཡོག་བྱས་པ་རེད།

སྨན་བཅོས་རུ་ཁག་གིས་ད་དུང་ཚོར་སྣང་སྔོན་འགོག་ཚོད་འཛིན་གྱི་ཆེད་མཁས་ཚོགས་པ་ཁག4མངགས་ནས་ཤིན་ཀྲོའུ་ཆུས་མི་དམངས་སྨན་ཁང་དང་། ཆུས་ཀྲུང་ལུགས་སྨན་ཁང་། དབྱང་ལའོ་ཡོན་ཆུས་ལྟེ་བའི་སྨན་ཁང་། དེ་མིན་ཁྲོམ་གཞུང་ཁག་གི་ཤང་གྲོང་ས་ཚིགས་བཅས་ན་ཡོད་པའི་ལས་བྱེད་མི་སྣར་ཚོར་སྣང་སྔོན་འགོག་ཚོད་འཛིན་དང་རང་ངོས་འགོག་སྲུང་ཐད་ཀྱི་གསོ་སྦྱོང་བྱས་ཤིང་བསྡོམས་པས་མི་ཐེངས2000ལྷག་ལ་གསོ་སྦྱོང་བྱས་པ་རེད། སྐོར་གཉིས་པའི་ནད་གཡོག་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ལུས་རྩལ་ཁང་གི་སྨན་ཁང་དུ་ནད་གཡོག་བྱ་བ་སྒྲུབ་འགོ་བརྩམས་ཏེ། ཚེས12ཉིན་ཞག་སྡོད་ནད་པ119ལ་ནད་གཡོག་བྱས་པ་རེད། ཉིན་དེར་སྣ་གྲེའི་བརྟག་བཤེར་འཚོལ་བསྡུ་ཐེངས13བྱས་པ་དང་། ལུས་དྲོད་བརྟག་དཔྱད་ཐེངས574། ཁྲག་དབྱང་ཚད་ལོངས་ཚད་ཞིབ་དཔྱད་ཐེངས238བཅས་བྱས་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།