ཟླ2པའི་ཚེས13ཉིན་མཚོ་སྔོན་དུ་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཅིག་གིས་ཀྱང་ཇེ་མང་དུ་སོང་མེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ2པའི་ཚེས13ཉིན་གྱི་ཆུ་ཚོད0ནས24བར། མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ་གཅིག་གིས་ཀྱང་ཇེ་མང་དུ་ཕྱིན་མེད་པ་དང་། ནད་པ་ལྕི་མོའང་མེད་ལ། ཚེ་འདས་ནད་པ་ཡང་གཅིག་ཀྱང་མེད། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2ཡོད།  ཉིན་དེར་ནད་རྟགས་ཐག་བཅད་པའི་ནད་པ་དང་དོགས་ཡོད་གསར་བྱུང་ནད་པ་གཅིག་གིས་ཀྱང་ཇེ་མང་དུ་ཕྱིན་མེད། 

ཟླ2པའི་ཚེས13ཉིན་གྱི་ཆུ་ཚོད24ཡི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་རྩིས་བྱས་ནས་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ18སྙན་སེང་ཞུས་ཡོད། དེའི་ནང་ནད་པ་ལྕི་མོ3ཡོད་པ་དང་། ཚེ་འདས་ནད་པ་མེད་ལ། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ11བཅས་ཡོད་པ་རེད། བསྡོམས་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་པའི་ནད་པའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ15དང་མཚོ་བྱང་ཁུལ་དུ་ནད་པ3ཡོད་པ་དང་། ད་དུང་ནད་པ7སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་ཀྱིན་ཡོད་པ་རེད།

མིག་སྔར་བསྡོམས་རྩིས་བྱས་ན་ནད་པ་དང་འབྲེལ་འདྲིས་ཡོད་པའི་མི437ལ་རྗེས་འདེད་ཐུབ་ཡོད་པ་དང་། མི96ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་ཅིང་། ད་དུང་མི341གིས་སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།