དེ་རིང་ཡང་མཚོ་སྔོན་གྱི་ཏོག་གསར་གློ་ཚད་ནད་པ2དྲག་སྐྱེད་བྱུང་ཞིང་དེའི་ཁྲོད་ཀྱི་གཅིག་མཚོ་བྱང་གི་རེད།

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད14ཡིསྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ2ཕྱོགས་བསྡུས་སྨན་བཅོས་བྱས་པ་བརྒྱུད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་གསར་གློ་ཚད་ཕོག་པའི་ནད་པར་གཏན་འཁེལ་བྱས་ཏེ་སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་དང་མཐུན་པས་སྨན་ཁང་ནས་བུད་པ་རེད། འདི་ནི་མཚོ་སྔོན་དུ་བསྟུད་མར་ཉིན་གསུམ་ལ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་རྗེས་གཉིས་མཐུད་ངང་དྲག་སྐྱེད་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ11སྨན་ཁང་ནས་ཕྱིར་བུད་ཡོད།

22.jpg

 ད་ལྟའི་བར། མཚོ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ནད་པ18ལས་ནད་པ11དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པས། སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། ཐེངས་འདིར་སྨན་ཁང་ནས་བུད་པའི་ནད་པ་གཉིས་ཡོད་ཅིང་། མཱ་ཆེ་གེ་མོ། ཟླ2པའི་ཚེས4ཉིན་སྨན་ཁང་དུ་བསྡད་ལ་ཉིན་དེར་ནད་གཞི་གཏན་འཁེལ་བྱས། ཧུའུ་ཆེ་གེ་མོ། ཟླ2པའི་ཚེས5ཉིན་སྨན་ཁང་དུ་བསྡད་ལ་ཉིན་དེར་ནད་གཞི་གཏན་འཁེལ་བྱས། ནད་དཔེ་འདི་ནི་མིག་སྔར་མཚོ་སྔོན་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པའི་ཁྲོད་ལོ་ན་མཐོ་ཤོས་ཀྱང་རེད། 

33.jpg

ཟླ2པའི་ཚེས13ཉིན། རྒྱལ་ཁབ་ཀྱི《ཏོག་གསར་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་བའི་བཟོ་བཅོས)》སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་གཞིར་བཟུང་། ཞིང་ཆེན་རིམ་པའི་ཚན་ཁག་མང་པོའི་ཆེད་མཁས་པས་དཔྱད་དཔག་བྱས་པ་བརྒྱུད། ནད་པ་འདི་གཉིས་སྨན་ཁང་ནས་བུད་ཆོག་པའི་ཚད་གཞི་དང་མཐུན་ཡོད་པ་རེད། ནད་པ་གཉིས་སྨན་ཁང་ནས་བུད་རྗེས་ཁོངས་གཏོགས་ས་ཆའི་དོ་དམ་གྱི་རྩ་དོན་གཞིར་བཟུང་། ནད་པ་མཱ་ཆེ་གེ་མོ་མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ས་གནས་དེ་གར་བསྐྱལ་ནས་ཉིན14རིང་ལོགས་སུ་བཀར་རྒྱུ་དང་ནད་པ་ཧུའུ་ཆེ་གེ་མོ་ཟི་ལིང་གྲོང་ཁྱེར་དུ་ཉིན14རིང་ལོགས་སུ་བཀར་རྒྱུ་རེད། །

44.jpg

55.jpg

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།