མཚོ་སྔོན་གྱིས་ཞལ་འདེབས་ཕུལ་བའི་སྒོར་ཁྲི1226.96རིན་གྱི་དངོས་ཟོག་སང་ཉིན་ཝུའུ་ཧན་དུ་འབྱོར་རྒྱུ་རེད།

微信图片_20200213142232.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ2པའི་ཚེས13ཉིན། མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཁྲི600ཡི་བརྩེ་སེམས་འཁྱིལ་བའི་ཞལ་འདེབས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར19ཟི་ལིང་ནས་ལམ་ལ་ཆས་ཏེ་ཧུའུ་པུའེ་རུ་བསྐྱོད། 

微信图片_20200213142237.jpg

“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད”ཅེས་པ་དང་། “ཝུའུ་ཧན་ལགས་ཤུགས་རྒྱོབ”ཞེས་པ།“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་འཐབ་འཛིང་ལ་རྒྱལ་ཁ་ལེན་པ།” ཞེས་པའི་མཛད་སྒོ་མཚོ་ཤར་མྱུར་བགྲོད་གཞུང་ལམ་ཁྲལ་བསྡུ་ས་ཚིགས་སུ་སྤེལ། ཞལ་འདེབས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར19པོ་གནས་དེ་རུ་གྲལ་འགྲིག་པོས་སྟར་ཕྲེང་སྒྲིག་ཡོད། ཐེངས་འདིའི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པའི་དངོས་ཟོག་རིན་ཐང་ལ་སྒོར་ཁྲི1226ཡོད་ལ། དེའི་ནང་མཚོ་སྔོན་གྱི་ནོར་ཤ་དང་ལུག་ཤ། ཤ་སྐམ། ཞོ། གྲོ་ཕྱེ། དབྱར་རྩྭ་དགུན་འབུ། 84དུག་བཤེར་གཙང་སེལ་སོགས་འཚོ་བའི་མཁོ་ཆས་མང་དུ་འདུས་ཡོད། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར19དེ་ཉིན་མཚན་གཉིས་ཀར་སྤྱི་ལེ་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་བསྐྱོད་ན་སང་ཉིན་དགོང་མོར་ད་གཟོད་ཝུའུ་ཧན་དུ་འབྱོར་ཐུབ་རྒྱུ་རེད། །

微信图片_20200213142257.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།