རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་སེམས་ན་སྙིང་རྗེ་ཡོད་པས་ཁེ་ལས་ཀྱིས་འགན་འཁྲི་ཕྲག་ཏུ་བཏེགས་པ།

微信图片_20200213112008.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་ཁུལ་དམངས་ཆེན་གྱིས་ཏོག་གསར་གློ་ཚད་སྔོན་འགོག་གི་གཡུལ་ལས་རྣམ་པར་རྒྱལ་ཕྱིར《ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་ཨུ་ཡོན་རྣམས་ལ་སྤྲིངས་པའི་གྲོས་གཞི》་ཞེས་པ་བཏོན་ཞིང་། རིམ་པ་སོ་སོའི་དམངས་ཆེན་ཨུ་ཡོན་རྣམས་ཀྱིས་རིམས་ནད་སྔོན་འགོག་གི་གཡུལ་སའི་ཁྲོད་དུ་མདུན་སྐྱོད་དང་མིག་དཔེ་བསྐྲུན་དགོས་པའི་འབོད་སྐུལ་གནང་བ་འདིས། དམངས་ཆེན་ཨུ་ཡོན་རྣམས་ཀྱིས་རིམས་ནད་སྔོན་འགོག་གི་གཡུལ་སའི་ཁྲོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་འགན་འཁྲི་ཐེག་ཏུ་འཁུར་བ་གསལ་བོར་མཚོན་ཡོད།

微信图片_20200213112014.jpg

ཁུལ་དམངས་ཆེན་གྱིས་གྲོས་གཞི་ཡི་གེ་དེ་བཏོན་པ་ནས་བཟུང་། ཁུལ་དམངས་ཆེན་གྱི་ཨུ་ཡོན་དང་གསེར་ཆེན་ཁང་ས་ལས་གཉེར་གྱི་ཏུང་ཧྲི་ཀྲང་དོན་འགྲུབ་རྒྱལ་གྱིས་འགན་འཁྲི་ཕྲག་ཏུ་བླངས་ཤིང་། མ་སྐུལ་དང་བླངས་ཀྱིས་དམངས་སྒོར་ཁྲི་གཉིས་ཧུའུ་པེ་བོའུ་ཧན་ས་ཆའི་ཏོག་གསར་གློ་ཚད་སྔོན་འགོག་བྱ་བར་ཞལ་འདེབས་ཕུལ།

རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་སེམས་ན་སྙིང་རྗེ་ཡོད། རིམས་ནད་སྔོན་འགོག་གི་དམིགས་བསལ་གྱི་སྐབས་སུ་དོན་འགྲུབ་རྒྱལ་གྱིས་ཀུང་སིའི་ལས་བཟོ་བ་ཡོངས་ཀྱི་སྣེ་ཁྲིད་དེ་དུས་ཚོད་ཉེར་བཞིའི་རིང་ལ་ལས་རེས་བྱེད་དགོས་ལ་ངེས་པར་དུ་ལས་གནས་སུ་སྡོད་དགོས་པའི་སྒྲིག་ལམ་བཙུགས་ཤིང་། སྲིད་གཞུང་གི་བླང་བྱ་ལྟར་སྡོད་ཁུལ་གྱི་མདུན་སྒོ་མ་གཏོགས་སྒོ་ཡོངས་སུ་བཀག་ཅིང་མདུན་སྒོ་ནས་འགྲོ་བའི་མི་དང་རླངས་འཁོར་ཡོངས་ལ་ནན་ནན་ཏན་ཏན་གྱིས་ཐོ་འགོད་དང་བརྟག་དཔྱད་བྱས་པར་མ་ཟད་སྡོད་ཁུལ་གྱི་སྤྱི་གནས་སུ་ཐེངས་དུ་མར་དུག་སེལ་བྱས་ཏེ། ཧུར་ཐག་གིས་སྡོད་ཁུལ་གྱི་རིམས་འགོག་བྱ་བ་ལེགས་པོར་སྒྲུབ།

微信图片_20200213112020.jpg

དོན་འགྲུབ་རྒྱལ་གྱིས་བཤད་པ་ལྟར། རྒྱལ་ཁབ་དཀའ་ཁག་ལ་ཕྲད་དུས་ཁེ་ལས་ལ་འགན་འཁྲི་ཡོད་དགོས། རིམས་འགོག་ནི་རྒྱལ་ཁབ་ཡོངས་དང་སྤྱི་དམངས་ཡོངས་ཀྱི་དོན་ཆེན་ཞིག་ཡིན། རྒྱལ་ཁབ་བདེ་འཇགས་དང་བརྟན་བརླིང་མིན་ན། མི་དམངས་ཀྱི་བདེ་འཇགས་ཟེར་བའང་མེད། ང་རང་ཁུལ་དམངས་ཆེན་གྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་བཤད་ན་རིམས་འགོག་གི་སྐབས་འདིར་ང་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རིམས་ནད་སྔོན་འགོག་བྱེད་དགོས། འདི་ནི་ང་ཚོ་ཚང་མའི་འོས་འགན་ཡིན་ལ། ང་རང་གིས་ཀྱང་མུ་མཐུད་དུ་རིམས་འགོག་གི་བྱ་བའི་ཁྲོད་དུ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རང་ནུས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།