གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་གི་ལས་དོན་སྤེལ་པ།

微信图片_20200213090001.jpg

ཏང་གི་དར་ཆ་མཐོན་པོ་འབྲོག་ཁུལ་གྱི་རྩྭ་ཐང་ཀུན་ཏུ་ལྷབ་ལྷུབ་ཏུ་བསྐྱོད།

微信图片_20200213090013.jpg

    གཟབ་ནན་གྱིས་གྲལ་བཤེར་བརྟག་དཔྱད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དུད་ཚང་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས། 

微信图片_20200213090026.jpg  

བུད་མེད་ཚོགས་པའི་དྲིལ་བསྒྲགས་རུ་ཁག་གིས་འབྲོག་པར་རིམས་ནད་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱས། 

微信图片_20200213085949.jpg    

བུད་མེད་ཚོགས་པའི་དྲིལ་བསྒྲགས་རུ་ཁག་གིས་འབྲོག་པར་རིམས་ནད་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོས་མཁར་རྫོང་དང་ཏང་ཡོན་གདོང་ལེན་མི་སྣའི་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་ཐེངས་འདིའི་ལས་དོན་གལ་ཆེན་གྱི་སྟེང་ཕུལ་བར་སྐུལ་སློང་དང་སྣེ་ཁྲིད་དེ་འགན་འཁྲི་དེ་འགག་རྩའི་ལས་དོན་སྟེང་བཞག་ནས་ཏང་གི་དར་ཆར་གཟི་འོད་བསྣན་ཞིང་མང་ཚོགས་ལ་སྣེ་ཁྲིད་ཀྱི་མིག་དཔེ་བསྟན་ཡོད། ཁོང་ཚོ་ནི་སྡེ་བའི་ཧྲུའུ་ཅི་དང་པོ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི། སྡེ་བའི་ཉེན་རྟོག་པ། སྡེ་བའི་སྨན་པ། གྲ་སྒྲིག་ཏང་ཡོན་དང་དེ་བཞིན་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བཅས་ལས་གྲུབ་པའི་ཏང་ཡོན་སྐྱ་མི་གདོང་ལེན་རུ་ཁག་དང་། བུད་མེད་ཚོགས་པའི་དྲིལ་བསྒྲགས་རུ་ཁག བརྟན་བརླིང་སྲུང་སྐྱོང་ཏང་ཡོན་སྐོར་ཞིབ་རུ་ཁག་དང་ས་ཁུལ་གྱི་ཏང་ཡོན་བཅས་རེད། ཁོ་ཚོས་ཁྱབ་རྒྱ་ཆེ་བ་དང་ས་རྒྱུས་ཡོད་ལ་མི་རྒྱུས་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རི་ལུང་ཐང་གསུམ་གྱི་དུད་ཚང་རེ་རེར་བསྐྱོད་དེ་རྫོང་གི་ས་ཁུལ30རུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱང་སྒྲོག་འབོད་སྐུལ་གྱི་བྱ་བ་བཟང་པོ་སྒྲུབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རུ་སྣེ་འདྲེན་པར་བརྩོན་ལེན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་དམར་པོ་ཞིག་བཟོས་ནས། མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།