མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས“རིམས”འགོག་ཡིད་རྟོན་དྲིལ་བསྒྲགས་ལ་ཤུགས་བསྣན་ནས་རིན་གོང་ཧམ་སྤོར་སོགས་ཀྱི་བྱ་སྤྱོད་ལ་ཆད་པ་ནན་མོ་བཅད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱིས་དུས་ཐོག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་འགོག་སྲུང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ལ། ཡིད་རྟོན་ལྟ་སྐུལ་དོ་དམ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྲུང་གི་འབྲེལ་ཡོད་ཆ་འཕྲིན་དུས་ལྟར་གསར་སྒྱུར་བྱས་ཤིང་། དུས་ཐོག་ཏུ་སྲིད་འཛིན་ཆད་གཅོད་ཆ་འཕྲིན་གཅིག་བསྡུས་ངང་འབྲེལ་ཡོད་ཁེ་ལས་ཀྱི་མིང་ཐོག་ཏུ་བསྡུས་ནས་ཚུལ་མིན་ཆ་འཕྲིན་གྱི་མིང་ཐོའི་ནང་བཅུག རིན་གོང་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་གཅོད་ཆ་འཕྲིན་གཅིག་བསྡུས་ཐོག་ཡོངས་བསྒྲགས་དང་ཡིད་རྟོན་མཉམ་འབྲེལ་ཆད་གཅོད་སླད་འདོམས་བྱེད་ཤུགས་ཆེ་རུ་བཏང་། 

ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱིས་སྨན་བཅོས་འགོག་སྲུང་མཁོ་ཆས་ཕྱིར་འཚོང་དང་། གྲོང་མིའི་འཚོ་བའི་དངོས་ཟོག་མཁོ་སྤྲོད་སོགས་འགག་རྩའི་ལྷུ་ཚིགས་གཙོ་གནད་དུ་བཟུང་ནས། མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འཚོ་བའི་མཁོ་རྫས་དང་འཕྲོད་བསྟེན་དུག་སེལ་རིམས་འགོག་མཁོ་རྫས་ཀྱི་ཚོང་རའི་འགུལ་རྣམ་དང་མཁོ་འདོན་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཟི་ལིང་ཏ་རུང་ཧྥ་སྒོ་རྩིས་ཚོང་ཁང་དང་། ཤིན་ཧྭ་དངོས་ཟོག་ཚོང་ཁང་། མཚོ་སྔོན་ཞིན་ཧི་སྨན་རྫས་མུ་འབྲེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁང་ཏ་སྨན་ཚོང་ཁང་། ལྔ་མདོ་ལམ་གྱི་མཚོ་སྔོན་དབྱི་ཧྲོའུ་ཐང་སྨན་རྫས་ཚོང་ཁང་། ལེང་ཧུའུ་ལམ་གྱི་ཧྭ་ཞ་སྨན་རྫས་ཚོང་ཁང་སོགས་ཁེ་ལས་ཀྱིས་ཟོག་གོང་ཧམ་སྤོར་བྱས་པའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཤིང་། རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་མང་པོ་དམར་རྗེན་དུ་བཏོན་པ་དང་། ཡིད་རྟོན་་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་དཀྲོག་གཏམ་མཐའ་གཅིག་ཏུ་གཏན་འགོག་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།