མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཏོག་གསར་གློ་ཚད་ཐད་ཀྱི་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་དང་དངོས་ཟོག་གི་དོ་དམ་དང་བེད་སྤྱོད་སྤྱི་བསྒྲགས་བྱས།​

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད12བར། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་སྡོམ་པས་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར194954.52དང་ལེན་བྱས་པ་དང་དེའི་ཁྲོད་ཁ་ཕྱོགས་གཏན་ཁེལ་གྱི་མ་དངུལ་སྒོར113088དང་། ཁ་ཕྱོགས་གཏན་ཁེལ་མིན་པའི་མ་དངུལ་སྒོར81866.52ཡོད། ཞལ་འདེབས་དངོས་རྫས་གྲངས20556བསྡུས་ཡོད་དེ། དེའི་ཁྲོད་ཁ་ཕྱོགས་གཏན་འཁེལ་གྱི་དངོས་རྫས་གྲངས20546དང་ཁ་ཕྱོགས་གཏན་འཁེལ་མིན་པའི་དངོས་རྫས་གྲངས10འདུས། དངོས་ཟོག་དེ་དག་བསྡོམས་པས་རིན་ཐང་སྒོར978236.01ཟིན་ཡོད། མ་དངུལ་དང་དངོས་ཟོག་གིས་ཁྱོན་རིན་ཐང་སྒོར1173190.53ཟིན་ཡོད། ཞལ་འདེབས་རྒྱག་མཁན་གྱི་འདོད་མོས་ལྟར་ཞལ་འདེབས་སྒོར་30000(ཧུའུ་པེ་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པར་སྐུར)བསྐུར་ཟིན་པ་དང་། དངོས་ཟོག་གྲངས20546བེད་སྤྱོད་བྱས་ཡོད་ལ། དེའི་རིན་ཐང་སྡོམ་པས་སྒོར948036.01ཟིན་ཡོད།

ཞལ་འདེབས་མ་དངུལ་སྒོར164954.52(དེའི་ཁྲོད་ཁ་ཕྱོགས་མཚོ་སྔོན་ལ་གཏན་འཁེལ་པའི་ཞལ་འདེབས་མ་དངུལ་སྒོར83088དང་ཁ་ཕྱོགས་གཏན་འཁེལ་མེད་པའི་ཞལ་འདེབས་སྒོར་81868འདུས།)ལྷག་ལ། དངོས་ཟོག་གྲངས10འདོན་སྤྲོད་བྱས་མེད་པ་དང་དེའི་རིན་ཐང་སྡོམ་པས་སྒོར30200ཟིན་ཡོད།  

 ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད13ནས་ཚེས9ཉིན་གྱི་ཆུ་ཚོད12བར། ཞལ་འདེབས་མ་དངུལ་སྒོར11022.3བསྡུས་པ་དང། ཞལ་འདེབས་དངོས་རྫས་བསྡུས་མེད། 

 མཚོ་སྔོན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས།

 2020ལོའི་ཟླ་2ཚེས་9ཉིན།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།