2019ལོར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉིན་འགའི་སྔོན་གསར་འགོད་པས་རྒྱུས་ལོན་པ་ལྟར་ན།  2019ལོའི་ཟླ་1པོ་ནས་ཟླ་12པའི་བར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་སྟོང་ཁེ་459ཕྱིར་གཏོང་བྱས་པ་དང་།  ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་0.52ཟིན་ནས་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་སོ་སོར156.4%དང་89.5%ཟིན་པ་དང་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། 

དབྱར་རྩྭ་དགུན་འབུ་ནི་མཚོ་བོད་ས་ཁུལ་གྱི་ཆེས་རིན་ཐང་ལྡན་པའི་ཁྱད་ཐོན་དངོས་རྫས་ཤིག་ཡིན་ལ།  "གསེར་སྙི་མོ"ཞེས་བཤད་སྲོལ་ཡོད་པ་དང་《ཀྲུང་གོའི་སྨན་མཛོད》ནང་བདམས་པའི་སྲོལ་རྒྱུན་གྱི་ཀྲུང་བོད་གསོ་རིག་གི་སྨན་རྫས་ཤིག་ཡིན།  མཚོ་སྔོན་ཞིང་ཆེན་ནི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཡིན་ལ་ཐོན་རྫས་ཀྱི་སྤུས་ཀ་ལེགས་ཤིང་ཕྱིར་གཏོང་གི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པས།  རང་རྒྱལ་ཞང་ཀང་གི་འཛད་སྤྱོད་ཚོང་ར་དང་སང་ག་ཕོར་སོགས་ས་ཁུལ་དང་རྒྱལ་ཁབ་ཀྱི་ཀྲུང་གོ་བས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། 

2019ལོ་ནི་ང་ཚོའི་ཀུང་སིས་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་བྱས་པའི་ལོ་དང་པོ་ཡིན་ལ།  ཕྱིར་གཏོང་བྱས་པའི་དབྱར་རྩྭ་དགུན་འབུའི་ཐོན་རྫས་ཀྱི་རིན་ཐང་དམངས་སྒོར་ཁྲི་2800ལས་བརྒལ་ཡོད་ཞེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མགོ་ལོག་གསེར་བོ་གཡང་ཕོར་ཚོང་དོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསོད་ནམས་བཀྲ་ཤིས་ཀྱིས་བཤད་རྒྱུར།  ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་།  ཁོངས་གཏོགས་ས་ཁུལ་དང་སྒོ་ཁྲལ་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་སྟབས་བདེ་བྱེད་ཐབས་མང་པོ་ཞིག་ལ་བརྟེན་ནས།  དུས་ཡུན་ཐུང་ངུའི་ནང་ཀུང་སུའི་དབྱར་རྩྭ་དགུན་འབུའི་ཕྱིར་གཏོང་གི་ཚད་ཇེ་མཐོར་ཕྱིན་པ་མ་ཟད།  ཁེ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང།  སྔར་ལས་ལྷག་པའི་སྒོ་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར་སྣེ་ཁྲིད་ཐོབ།  མིག་སྔར་ཀུང་སིས་ཞང་ཀང་གི་སྐུ་མགྲོན་ལ་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་300ཉོ་ཚོང་བྱེད་རྒྱུའི་གན་རྒྱ་བཞག་ཡོད་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།