མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་འཐེན་ཐུག་དཔལ་འབྱོར་ཚོང་གཉེར་མི་སྣའི་རིམས་ནད་འགོག་བཅོས་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་འཐེན་ཐུག་དཔལ་འབྱོར་ཚོང་གཉེར་མི་སྣའི་རིམས་ནད་འགོག་བཅོས་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་རིམས་ནད་འགོག་བཅོས་བྱ་བའི་ཐད་ལ་རེ་བ་བཏོན། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་སྒོས་མཚོ་སྔོན་འཐེན་ཐུག་དཔལ་འབྱོར་ཚོང་གཉེར་མི་སྣའི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་འབུམ་གཉིས་ལྷག་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་གཅིག་ན་འཐེན་ཐུག་དཔལ་འབྱོར་གཉེར་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག རིམས་ནད་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕྱི་ཕྱོགས་སུ་འཐེན་ཐུག་དཔལ་འབྱོར་གཉེར་མཁན་གྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་ནུས་ལྡན་ཕན་ཡོད་ཀྱི་བྱ་བ་གང་མང་བསྒྲུབས། ཕྱི་ཕྱོགས་ན་འཐེན་ཐུག་དཔལ་འབྱོར་གཉེར་མཁན་གྱིས་རང་འགུལ་སྒོས་དྲོད་ཁོལ་བསྐྱལ་ཞིང་གཅེས་སེམས་ཕུལ་བ་དང་། དངོས་རྫས་ཞལ་འདེབས་སུ་ཕུལ་ཞིང་སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པ་དང་། ས་གནས་ཀྱི་རིམས་ནད་འགོག་རྒོལ་ཐད་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།