ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་འཕྲལ་མཁོའི་དངུལ་བུན་སྒོར་ཁྲི1500བཏང་ནས་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཉོ་རྒྱུར་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས4ཉིན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རིམས་ནད་འཕྲལ་མཁོའི་དངུལ་བུན་སྒོར་ཁྲི1500བཏང་ནས། མཚོ་སྔོན་ཧྥུའུ་ཁང་སྨན་རྫས་རྒྱུད་འབྲེལ་ཚད་ཡོད་ཀུང་སིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། དངུལ་བུན་དེ་གཙོ་བོ་ཁ་རས་དང་། འགོག་སྲུང་གྱོན་གོས། མིག་སྲུང་ཤེལ། དུག་སེལ་གཤེར་ཁུ། སྨན་རྫས་སོགས་རིམས་འགོག་དངོས་རྫས་ཉོ་བའི་ཐད་སྤྱོད་རྒྱུ་རེད།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་རྗེས། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་མགྱོགས་མྱུར་གྱིས་འགུལ་སྐྱོད་བྱས་ནས། ལས་བཟོ་པའི་རིམས་འགོག་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དངུལ་བུན་གཏོང་བའི་ཐོགས་མེད་བགྲོད་ལམ་གཉེར་འགོ་བཙུགས་ཏེ། ལུགས་མཐུན་དང་ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོར་འགན་ལེན་ཤུགས་ཆེན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།