མཚོ་སྔོན་གྱི་སྐུད་ཡོད་བརྙན་འཕྲིན་གྱིས“མཁའ་དབྱིངས་སློབ་ཁང”དངོས་སུ་གཏོང་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གནས་བབ་འོག རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དུ་སློབ་གྲྭ་འབྲིང་ཆུང་གིས“སློབ་གྲྭ་འཚོགས་མཚམས་བཞག་ཀྱང་སློབ་ཁྲིད་བྱེད་མཚམས་དང་སློབ་སྦྱོང་བྱེད་མཚམས་མི་འཇོག་པ”ལ་ཞབས་ཞུ་འགན་ལེན་བྱ་ཆེད། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་དྲ་རྒྱ་ཀུང་སི་དང་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་གཉིས་ཀྱིས་སྐུད་ཡོད་བརྙན་འཕྲིན་ཐད་གཏོང་འཕྲིན་ལམ་སྤྱད་ཅིང་སློབ་གསོ་གཙོ་བོར་བྱས་ནས“མཁའ་དབྱིངས་སློབ་ཁང”བཙུགས་པ་དང་། ཡུལ་དུས་དང་ས་ཁོངས་ལས་བརྒལ་ཏེ་ཞིང་ཆེན་ནང་ཁུལ་གྱི་རྒྱ་ཆེའི་དགེ་སློབ་དང་ཁྱིམ་བདག་ཡོངས་དང་མཉམ་དུ་མཐུན་སྒྲིལ་གྱིས་རིམས་ནད་ལ་རྒོལ་ཞིང་། རྒྱལ་ཡོངས་ཀྱི་དགེ་རྒན་མིང་གྲགས་ཅན་དང་མཉམ་དུ་སློབ་ཁྲིད་ལ་ཞུགས་པ་རེད། ཟླ2པའི་ཚེས4ཉིན་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི“མཁའ་དབྱིངས་སློབ་ཁང”མཚོ་སྔོན་སྐུད་ཡོད་བརྙན་འཕྲིན་ཐད་གཏོང་འཕྲིན་ལམ་ཐོག་དངོས་སུ་གཏོང་འགོ་ཚུགས་ཡོད། 

རིམས་ནད་བྱུང་བའི་རིང་། ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་སློབ་ཆུང་སློབ་མ་དང་། དམའ་གསུམ་སློབ་མ། མཐོ་གསུམ་སློབ་མ་བཅས་ལ་རིན་པ་མི་དགོས་པར“སློབ་གསོ་པུའུ་གསར་སྒྲིག་སློབ་ཆུང་པུའུ་ཡི་རྩོམ་སྒྲིག་པར་གཞི་དང་མཐུན་པའི་སློབ་ཚན”དང་། “དམའ་གསུམ་གྱི་རྩིས་རིག་དང་། དངོས་ལུགས། རྫས་འགྱུར་ཕྲེང་ཁྲིད” “མཐོ་གསུམ་གྱི་རྩིས་རིག་དང་། དངོས་ལུགས། རྫས་འགྱུར་ཕྲེང་ཁྲིད”བཅས་ཀྱི་སློབ་ཚན་མཁོ་འདོན་བྱས་ཡོད། ཟླ2པའི་ཚེས3ཉིན་ནས་བཟུང་གཟའ་འཁོར་རེའི་གཟའ་ཟླ་བ་ནས་གཟའ་པ་སངས་བར་གྱི་ཆུ་ཚོད8:00ནས་9:00བར། ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོའི(STV)ཐོག《སློབ་ཁྲིད་ལ་མཉམ་དུ་ཞུགས》ཞེས་པའི་དམིགས་བསལ་ལེ་ཚན་བཏོན་ནས་སྒྱུ་རྩལ་རོལ་མྱོང་དང་། མི་ཆོས་ལོ་རྒྱུས། གནའ་རྩོམ་གྲགས་ཅན། བསམ་བློ་ཀུན་སྤྱོད། ཁྲིམས་ལུགས་སློབ་གསོ་སོགས་སློབ་ཚན་ལྔ་བཀོད་སྒྲིག་བྱས་ཡོད། ཟླ2པའི་ཚེས17ཉིན་ནས་བཟུང་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱིས་འཕྲིན་ལམ་བཞི་པར(GEV4)འོས་འགན་སློབ་གསོའི་དུས་མཚམས་ཀྱི་རྒྱ་ཡིག་དང་། རྩིས་རིག ཕྱི་སྐད་སོགས་གཙོ་གནད་རིག་ཚན་གྱི་སློབ་ཚན་ནང་དོན་ཟུར་ཁྲིད་བྱ་རྒྱུ་རེད། དུས་མཚུངས་སུ“ཐད་གཏོང་སློབ་ཁང”ཁྱབ་གདལ་བཏང་ནས་ད་ལོའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་དག་ལ་འབྲེལ་ཡོད་ཤེས་བྱ་དག་ཕྲེང་ཁྲིད་བྱས་ནས་སློབ་མར་དོགས་གྲོལ་འཁྲུལ་སེལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།