ཧུའུ་པེར་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་དང་པོའི་ས་དེ་གའི་ནད་པ་89ལ་སྨན་བཅོས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན།  ཟླ་2པའི་ཚེས་3ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་པོས་ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲོའུ་ཁུལ་མི་དམངས་སྨན་ཁང་དང་ཞིན་ཀྲོའུ་ཁུལ་ཀྲུང་ལུགས་སྨན་ཁང་གཉིས་པར་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་དོན་སྤེལ།  རིམ་རྩིས་བྱས་པ་ལྟར་ན་ནད་པ་89ལ་སྨན་བཅོས་བྱས་པ་དང་།  དེའི་ཁྲོད་སྤྱིར་བཏང་ཅན་གྱི་ནད་པ་50ཡོད་ལ།  ནད་གཞི་ལྕི་བའི་ནད་པ་དང་ཉེན་ཁ་ཅན་གྱི་ནད་པ་14ཡོད་པ་དང་། དོགས་ཡོད་ཅན་གྱི་ནད་པ་25ཡོད།  ཟླ་2པའི་ཚེས་3ཉིན་ནད་གཡོག་ཚན་ཆུང་གིས་ནད་པ་མི་ཐེངས་534ལ་ནད་གཡོག་བྱས་པ་དང་།  མིག་སྔར་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་མེད་ལ་རིམས་ནད་ཀྱིས་ཤི་བའི་ནད་པའང་མེད། 

ཤེས་རྟོགས་བྱུང་བ་ལྟར་ན།  ཞིན་ཀྲོའུ་ཁུལ་མི་དམངས་སྨན་ཁང་གིས་ནད་གཞི་ལྕི་བའི་ནད་པ་དང་ཉེན་ཁ་ཡོད་པའི་ནད་པ་14ལ་སྨན་བཅོས་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་སྨན་པ་60ཡི་ཉིན་མཚན་མེད་པར་སྨན་བཅོས་བྱས་པས།  ཉེན་ཁ་ཆེ་བའི་ནད་པའི་ནད་གཞི་བརྟན་ཆགས་ཡིན་པ་དང་ནད་གཞི་ལྕི་བའི་ནད་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་སོང་ཡོད།  ནད་གཞི་ལྕི་བའི་ནད་པ་1ལ་སྨན་བཅོས་བྱས་ཏེ་སྤྱིར་བཏང་གི་ནད་ཁང་དུ་བསྐྱལ། 

ཟླ་2པའི་ཚེས་4ཉིན།  རྒྱལ་ཁབ་འཕྲོད་བསྟེན་ཁང་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པ་ལྟར།  ཞིང་ཆེན་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་སྨན་པ་102བསྡུས་ཏེ་ཝུའུ་ཧན་གྲོང་ཁྱེར་དུ་མངགས་པ་དང་།  དེའི་ཁྲོད་དུ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པའི་སྨན་ཁང་25ཡིས་ནད་ཐོག་སྨན་བཅོས་ཁོང་ནད་ཚན་ཁག་གི་སྨན་པ་100བཀོད་སྒྲིག་བྱས་པ་དང་།  ཞིང་ཆེན་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣ་2མཉམ་དུ་མངགས་ཡོད་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།