མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚ་ཕོག་མཁན་གསུམ་གྱི་ནད་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པ།

微信图片_20200205105707.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པ།གངས་བསོད། ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད9པ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ནད་སྐྱོབ་སྨན་བཅོས་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཕོག་པའི་ནད་པ3སྨན་བཅོས་ལས་དོན་མི་སྣས་ཞིབ་ཕྲའི་སྨན་བཅོས་བྱས་ཏེ་སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་དང་མཐུན་ཡོད་ལ། ནད་པ3གྱི་ཁྲོད་ལོ་ན་ཆུང་ཤོས་ལོ7དང་ཆེ་ཤོས་ལོ42ཡིན་པ་དང་དེ་དག་ཁྱིམ་ཚང་གཅིག་གི་བཟའ་མི་རེད།

微信图片_20200205105526.jpg

ད་རེས་སྨན་ཁང་ནས་ཕྱིར་འབུད་མཁན་གསུམ་ནི་མཚོ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ནད་པ་གཉིས་པ་དང་། གསུམ་པ། བཞི་པ་བཅས་རེད། མཱ་ཆེ་གེ་མོ(ལོ42)དང་དེའི་ཆུང་མ་(ལོ38)དང་། བུ་གཉིས་པ་(ལོ7)བཅས་ནི་ཧོང་ཀྲུང་རྫོང་ཧྲང་ཤིན་ཀྲོང་གྲོང་རྡལ་ཞ་མོན་གྲོང་ཚོའི་ཡིན་པ་དང་། བཟའ་མི་ཚང་མ་ཡུན་རིང་བོར་ཝུའུ་ཧན་གྲོང་ཁྱེར་དུ་བསྡད་ནས་བཟའ་བཏུང་ཞབས་ཞུའི་ལས་ཀ་གཉེར་བཞིན་ཡོད་ལ། བུ་གཉིས་པ་ཝུའུ་ཧན་གྲོང་ཁྱེར་དུ་སློབ་ཆུང་འགྲིམ་བཞིན་ཡོད་པ་རེད། ཟླ1པོའི་ཚེས23ཉིན་བཟའ་མི་ཚང་མ་ཝུའུ་ཧན་དང་ཁ་བྲལ་ཏེ་ཚེས24ཉིན་ཟི་ལིང་དུ་འབྱོར་རྗེས་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་གྲལ་བཤེར་བྱས་ཤིང་མཱ་ཆེ་གེ་མོ་དང་བཟའ་ཟླ་དང་བུ་གཉིས་པ་སྨན་ཁང་དུ་ལོགས་སུ་བཀར་ནས་ལྟ་ཞིབ་བྱས་པ་རེད། ཚེས25ཉིན་ནད་དཔེ་བླངས་ནས་ཞིབ་བཤེར་བྱ་རྒྱུར་བསྐྱལ་བ་དང་། ཚེས26ཉིན། ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གདགས་གཤིས་ཡིན་པའི་ནད་རྟགས་ངོས་འཛིན་བྱས་པས། ཉིན་དེར་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་བསྐྱར་བཤེར་ཞིབ་དཔྱད་ཚད་ལེན་དེ་གདགས་གཤིས་ནད་རྟགས་ཡིན་པ་གཏན་འཁེལ་བྱས་པ་རེད། དེའི་བུ་ཆེ་བར་ཐོག་མར་རྒྱུན་ལྡན་མིན་པའི་ནད་རྟགས་མེད་པས་ཁྱིམ་དུ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པར་བཀོད་སྒྲིག་བྱས། མཱ་ཆེ་གེ་མོར་དེ་དང་འདྲ་བའི་ནད་རྟགས་ཡོད་པ་གཏན་འཁེལ་བྱས་རྗེས། མྱུར་དུ་བརྟག་དཔྱད་བྱས་ཏེ་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་རུ་བསྡད་ཅིང་། བུ་ཆེ་བ་སྨན་ཁང་དུ་བསྡད་པ་ཅུང་འཕྱི་བས་སྨན་ཁང་ནས་ཕྱིར་བུད་པའི་དུས་ཚོད་ད་དུང་གཏན་ཁེལ་བྱས་མེད། །

微信图片_20200205105517.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།