མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་མཁོའི་དངོས་ཟོག་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྲག་ཏུ་འཁུར་བའི་བླ་མེད་ཀྱི་འགན་འཁྲི་འོས་འགན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་སྡུག་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་དངོས་ཟོག་འགན་ལེན་ཚོགས་ཆུང་གིས་སྡེ་ཁག་དང་ཁོངས་གཏོགས་ལས་ཁུངས་ཁག་གི་སྣེ་ཁྲིད་དེ། གཞོགས་འདེགས་དམ་ཟབ་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་མཁོའི་དངོས་ཟོག་འགན་ལེན་ལས་འགན་ཕན་ནུས་ལྡན་ཞིང་གོ་རིམ་ཡོད་པའི་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ཟླ2ཚེས3ཉིན་གྱི་ཆུ་ཚོད20བར་རིམ་རྩིས་བྱས་པ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་བཟོ་འཕྲིན་སྡེ་ཁག ཞིང་ཆེན་རིམ་པའི་ལས་ཁུངས་སོ་སོ་བཅས་ལ་སྨན་སྤྱོད་འགོག་སྲུང་ཁ་རས་ཁྲི1.8དང་། དམངས་སྤྱོད་འགོག་སྲུང་ཁ་རས་ཁྲི7.8། དུག་སེལ་གཤེར་ཁུ་ཏུན45བཅས་སྤྲད་པ་རེད།

ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་གིས་སྨན་རྫས་གསོག་འཇོག་འགན་ལེན་ཁེ་ལས་ཁག་གི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག ཞིང་ཆེན་ཕྱི་ནང་གི་ཁེ་ལས་སྐུལ་སློང་དང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་། རྒྱལ་ཁབ་ཕྱི་ནང་གི་ཐབས་ལམ་རྒྱ་སྐྱེད་པ། རྒྱལ་ཁབ་པུའུཨུ། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་ཏེ་དངོས་ཟོག་ཉོ་སྒྲུབ་འགན་ལེན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད། ཟླ2ཚེས3ཉིན་གཙོ་ཆེའི་དྲ་ཚིགས་ཐོག“ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན”གྱི་ཆེད་བསྒྲིགས་ལེ་ཚན་བཙུགས་ནས། འཕྲལ་མཁོའི་དངོས་ཟོག་གཏོང་སྤྲོད་གནས་ཚུལ་སོགས་ཀྱི་སྤྱི་བསྒྲགས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ། ལས་ཀའི་གསལ་ཚད་མཐོ་རུ་བཏང་བ་རེད།

 དེ་མཚུངས་སུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་ཚོང་དོན་ཐིང་སོགས་ཁོངས་གཏོགས་ལས་ཁུངས་ཁག་གིས་རང་འགན་རང་ཁུར་དང་རང་འགན་རང་སྒྲུབ་བྱས་ཏེ། ཚོང་ཚོགས་རྩ་འཛུགས་དང་དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་དང་དངོས་ཟོག་ཞལ་འདེབས་འབུལ་བར་སྐུལ་སློང་དང་། གཞུང་ལམ་ཤར་གཏོང་འགན་ལེན་དང་འཕྲལ་མཁོ་སྐྱེལ་འདྲེན་ནུས་པ་འགན་ལེན་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱས་ཤིང་། གཙོ་གནད་ཚོང་ཟོག་གི་རིན་གོང་ལྟ་ཞིབ་ཚད་ལེན་དང་རི་སྐྱེས་སྲོག་ཆགས་ཀྱི་ཁྲོམ་རར་ཞིབ་བཤེར་བྱས་ལ། སྨན་བཅོས་སྒྲིག་གཞི་དང་སྨན་ཆས་གཉེར་སྐྱོང་ཁེ་ལས་ཀྱི་སྤུས་ཚད་ལ་སྐོར་ཞིབ་དང་། ནང་འདྲེན་འགན་ལེན་དངོས་ཟོག་དབྱེ་འབྱེད་དང་ཞིབ་བཤེར་རྩིས་ལེན་བྱས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་འཕྲལ་མཁོའི་དངོས་ཟོག་སྐྱེལ་འདྲེན་འགན་སྲུང་དང་དམངས་སྤྱོད་འགོག་སྲུང་མཁོ་ཆས་རིགས་མི་འདྲ་བ་ཞལ་འདེབས་ཕུལ་བར་མཐུན་སྦྱོར་བྱས་པ་དང་། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱིས་ཤི་བའི་བམ་པོ་ཐག་གཅོད་ལས་དོན་གྱི་སྒྲིག་སྲོལ་བཟོས་པ་དང་འབྲེལ་ཕྱོགས་སོ་སོའི་བསམ་འཆར་བསྡུ་རུབ་བྱས་ཏེ། འཕྲལ་མཁོའི་ཚོང་ཟོག་གི་གཞི་གྲངས་མཛོད་ཀྱི་ཉིན་རེའི་སྙན་ཞུ་ལམ་ལུགས་འགོ་བརྩམས་པ་སོགས་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།