མཚོ་སྔོན་ཞིང་ཆེན་ནུས་རྒྱུ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་བཙོ་སྦྱང་བཟོ་ཚོགས་ཀྱིས་ཁེ་ལས་ཁག་ལ་རིམས་ནད་སྔོན་འགོག་དངོས་རྫས་ཀྱི་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་འཛིང་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། མཚོ་སྔོན་ཞིང་ཆེན་ནུས་རྒྱུ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་བཅོ་སྦྱང་བཟོ་ཚོགས་ཀྱིས་ཁེ་ལས་ཁག་གི་དུག་སེལ་མཁོ་ཆས་དཀོན་པའི་གནད་དོན་ལ་དམིགས་ཏེ། མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་འགན་འཁྲི་ཚད་ཡོད་ཀུང་སི་ནས་དུག་སེལ་གཤེར་ཁུ་ཏུན5(དུག་སེལ་གཤེར་ཁུ་ཏུན1500བཟོ་ཐུབ)རོགས་སྐྱོར་གྱི་མཐུན་སྦྱོར་བྱས་པ་མ་ཟད། ཟླ2པའི་ཚེས4ཉིན་ཟི་ལིང་དམིགས་བསལ་ངར་ལྕགས་ཚོགས་པ་དང་། ནུབ་རྒྱུད་གཏེར་ལས། ཀྲུང་ཧྭ་ཧ་ཡང་མཚོ་སྔོན་ཡན་ལག་ཀུང་སི་སོགས་ཁེ་ལས35ལ་བགོས་ནས་ཁེ་ལས་ཁག་ལ་རིམས་ནད་འཐབ་འཛིང་དང་ཐོན་སྐྱེད་འགན་ལེན་བྱེད་པར་རོགས་རམ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།