ཡུལ་ཤུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པར་མཐོང་ཆེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དེ་ལས་བྱེད་པ་དབྱེ་འབྱེད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྡུང་དམག་འཐབ་ཁྲོད་ལས་བྱེད་པར་ཤེས་རྟོགས་དང་། ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། 

“རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལས་བྱེད་པ་གང་འདྲ་ཞིག་དགོས་ཚེ་ལས་བྱེད་པ་དེ་འདྲ་ཞིག་བཀོད་སྒྲིག་དང་། གང་དུ་ཆེས་དཀའ་ཚེགས་ཆེ་ན་ལས་བྱེད་པ་དེ་རུ་མངགས་པ”ཡི་རྩ་དོན་ལ་གཞིགས་ནས། ཡུལ་ཤུལ་ཁུལ་གྱིས་ན་གཞོན་ལས་བྱེད་པ་དང་། རོགས་སྐྱོར་ལས་བྱེད་པ། གྲོང་ཚོའི་བཅའ་སྡོད་ལས་བྱེད་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ལས་བྱེད་པ་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་མངགས་ནས་སྔོན་འགོག་བྱ་ཐབས་དྲིལ་བསྒྲགས་དང་། མང་ཚོགས་ཀྱི་སེམས་ཤུགས་བརྟན་པོ་ཡོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཡིད་ཆེས་ཆེ་རུ་གཏོང་བ། མང་ཚོགས་ཀྱིས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བཤད་པ་བཅས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད། གྲོང་ཁྱེར་དང་རྫོང་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཤང་དང་གྲོང་ཚོར་འབྲེལ་བ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས་འཕྲལ་དུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ“ཀྲི་པུའུ་ནི་དམག་འཐབ་ཀྱི་མཁར་རྫོང་དང་། སྡེ་ཁུལ་ནི་འཐབ་ས། ཏང་ཡོན་ནི་རྐང་འཛིན་པ”་ཡིན་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གསར་གཏོད་བྱས་ཏེ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་ལག་བསྟར་ནུས་པ་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཁག་གི་དཔུང་ཁག་དེ་བས་འགྱུར་མེད་སྟོབས་ལྡན་དང་། དེ་བས་གོང་བུ་འགྲིལ་ཤུགས་ལྡན་པར་བྱས་ཡོད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།